- khri dar ma 'u dum btsan
- ID:
- T225568
- ཁྲི་དར་མ་འུ་དུམ་བཙན (Tibetan, Tibetan script, Original)
- > khri dar ma 'u dum btsan (Tibetan, Latin script, Transliteration-THL Extended Wylie Transliteration)
- > tri darma udumtsen (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. dung dkar bod rig pa'i tshig mdzod chen mo
ཡོངས་གྲགས་སུ་རྒྱལ་པོ་གླང་དར་མ་ཞེས་སུ་འབོད་པ། བོད་ཡོངས་ལ་གཅིག་གྱུར་གྱིས་དབང་བསྒྱུར་བའི་བཙན་པོའི་རྒྱལ་རབས་ཀྱི་རྒྱལ་པོ་ཐ་མ་དེ་ཡིན། ཡབ་ཁྲི་ལྡེ་སྲོང་བཙན་སད་ན་ལེགས་དང་ཡུམ་བཙུན་མོ་ཆེན་མ་འབྲོ་བཟའ་ཁྲི་མོ་ལེགས་གཉིས་ཀྱི་སྲས་སུ་འཁྲུངས། བཙན་པོ་འདིའི་འཁྲུངས་ལོའི་ཐད་རྒྱལ་རབས་ལོ་རྒྱུས་ཁག་ཏུ་བཞེད་པ་མི་འདྲ་བ་མང་བ་མ་ཟད། མང་ཆེ་བས་ཁྲི་རལ་པ་ཅན་གཅུང་པོ་ཐ་ཆུང་ཡིན་པ་དང༌། དར་མ་གཅེན་པོ་ཆེ་ཤོས་ཡིན་ཀྱང་སྤྱོད་པ་མི་ལེགས་པའི་ཐོག་ཆོས་ལ་བརྣག་པའི་རྐྱེན་གྱིས་རྒྱལ་པོར་མ་བསྐོས་པར་བརྟེན་ནས་ཞེ་ནད་ཁོག་བཅངས་བྱས་ཏེ་ཁྲི་རལ་པ་ཅན་བཀྲོངས་ནས་ཆོས་བསྣུབས་པ་ཡིན་ཞེས་གསལ་ཡང<<མངའ་བདག་མྱང་གི་ཆོས་འབྱུང>>དང༌། <<ལྡེའུ་ཆོས་འབྱུང་རྒྱས་བསྡུས>>ཀ་ཐོག་རིག་འཛིན་ཆེན་པོའི<<བོད་རྗེ་ལྷ་བཙན་པོའི་གདུང་རབས>>བཅས་ལས་ཁྲི་རལ་པ་ཅན་གཅེན་ཡིན་པ་དང་དར་མ་གཅུང་ཡིན་པའི་བཞེད་པ་དེ་རང་ཡང་དག་པར་མངོན་ཞིང༌། འཁྲུངས་ལོ་ཤིང་ལུག་ཡིན་པར་ཀ་ཐོག་རིག་འཛིན་ཆེན་པོས་གསུངས་པ་ལྟར་འཐད་མེད(འོན་ཀྱང་ཀ་ཐོག་རིག་འཛིན་ཆེན་པོས་བཞེད་པའི་ཤིང་ལུག་དེ་ནི་རྒྱལ་པོ་སྲོང་བཙན་སྒམ་པོ་དགུང་ལོ་དགུ་བཅུ་གོ་བཞི་པ་ལྕགས་ཁྱི(༧༡༠)ལོར་སྐུ་གཤེགས་པ་དང༌། དེ་ནས་ལོ་བརྒྱ་དང་ཉེར་བརྒྱད་འདས་པའི་ས་རྟ(༨༣༨)ལོར་ཁྲི་སྲོང་ལྡེ་བཙན་འཁྲུངས་པ། དགུང་ལོ་དྲུག་ཅུ་རེ་བརྒྱད་པ་ཤིང་གླང(༩༠༥)ལོར་སྐུ་གཤེགས་པ། དེ་ནས་ལོ་བཅོ་བརྒྱད་པ་ཆུ་རྟ(༩༢༢)ལོར་ཁྲི་རལ་པ་ཅན་འཁྲུངས་པ། དེ་ནས་ལོ་བཅུ་བཞི་པ་ཤིང་ལུག(༩༣༥)ལོར་གླང་དར་མ་འཁྲུངས་པ་བཅས་ཡིན་པས་ཐང་བོད་དབོན་ཞང་རྡོ་རིང་གི་ལོ་ཚིགས་དང་སྒྲིག་ཐབས་མེད། དེར་བརྟེན་གླང་དར་མའི་འཁྲུངས་ལོའི་རང་ལུགས་ཀྱི་ལོ་ཚིགས་ཤིང་ལུག་དེ་ནི༨༡༥ལོ་དེ་རང་ཡིན། བཙན་པོ་འདིའི་ལོ་རྒྱུས་ཞིབ་རྒྱས<<མཁས་པ་ལྡེའུའི་ཆོས་འབྱུང>>དང༌། <<མཁས་པའི་དགའ་སྟོན>><<བོད་ཀྱི་ལོ་རྒྱུས་རགས་རིམ་གཡུ་ཡི་ཕྲེང་བ>>བཅས་ནང་གསལ་འིང༌། བཙན་པོ་འདིའི་ལོ་རྒྱུས་སྐོར་ལ་དེང་སྐབས་རྒྱལ་ཁབ་ཕྱི་ནང་གི་འིབ་འཇུག་མཁས་དབང་མང་པོས་རང་ཉིད་ཀྱི་གཟིགས་ཚུལ་འཁོད་པའི་ཆེད་རྩོམ་མང་པོ་ཞིག་འདུག་པའི་ནང་གསུང་རྒྱུའི་གནད་དོན་གཙོ་བོ་བཞི་སྟེ། ༡་གླང་དར་མ་རང་ཉིད་ཆོས་ལ་སྡང་བ་ཞིག་ཡིན་མིན། ༢་གླང་དར་མས་ཆོས་བསྣུབས་ཞེས་པའི་ངོ་བོ་གང་ཞིག་ཡིན་པ། ༣ཆོས་སྣུབ་དགོས་པའི་རྒྱུ་རྐྱེན་གང་ལ་ཐུག་པ། ༤ཆོས་སྣུབ་ལས་འགུལ་དེས་བོད་ཀྱི་སྤྱི་ཚོགས་གོང་འཕེལ་ཐད་ལ་ཕན་གནོད་གང་བྱུང་བ་བཅས་ཡིན་ཅིང༌། གལ་ཆེའི་དོན་གནད་དེ་དག་གི་སྐོར་ལ་ཁོ་བོ༌ནི་ཆོས་སྲིད་གཉིས་ཀའི་ཐད་ནས་བླུན་རྨོངས་ཤེས་རྒྱ་ཧ་ཅང་དམན་པ་འིག་ཡིན་སྟབས་འདི་ཡིན་འདི་མིན་གྱི་ཁ་ཚོན་གཅོད་པའི་སྤོབས་པ་མ་མཆིས་པས་མཁས་དབང་རྣམས་ཀྱིས་དཔྱད་བརྗོད་ཡང་དག་ཤིག་མཛད་པར་ཞུའོ། །
- language:
- Tibetan
2. Thupten Phuntsok Dictionary
ཡོངས་གྲགས་སུ་རྒྱལ་པོ་གླང་དར་མ་ཞེས་སུ་འབོད་པ། བོད་ཡོངས་ལ་གཅིག་གྱུར་གྱིས་དབང་བསྒྱུར་བའི་བཙན་པོའི་རྒྱལ་རབས་ཀྱི་རྒྱལ་པོ་ཐ་མ་དེ་ཡིན། བོད་ཀྱི་ཆབ་སྲིད་ལམ་ལུགས་ཤུགས་སྣོན་བྱས། རབ་བྱུང་གི་འཚོ་བ་རང་སྟོབས་རང་སྤེལ་བྱེད་དགོས་པའི་ཁྲིམས་སྲོལ་བསྒྲགས་པས་ལྷ་ལུང་དཔལ་རྡོས་ལྐོག་མདའ་བརྒྱབས་ཏེ་ལྕགས་བྱ་སྤྱི་ལོ་༨༤༡ལོར་བཀྲོངས། དེ་ནས་བཟུང་བོད་སྤྱི་ལ་དབང་བའི་རྒྱལ་པོ་མེད་པས་བོད་ཁམས་སིལ་བུར་འཐོར།
- language:
- Tibetan