- khri lde
- ID:
- T225570
- ཁྲི་ལྡེ (Tibetan, Tibetan script, Original)
- > khri lde (Tibetan, Latin script, Transliteration-THL Extended Wylie Transliteration)
- > tri dé (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. dung dkar bod rig pa'i tshig mdzod chen mo
ཡབ་སྨད་ཀྱི་ལྡེ་གསུམ་གྱི་ཡ་གྱལ་འོད་ལྡེ་ལ་སྲས་བཞི་བྱུང་བའི་གཉིས་པ། འདི་ཉིད་མདོ་ཁམས་སུ་ཕེབས་ནས་མཚོ་སྔོན་གྱི་གའི་བཟུང་སྟེ་ཁྲི་དཔོན་མཛད། ཙོང་ཁ་ཡུལ་ཆེན་བཅོ་བརྒྱད་སོགས་མདོ་སྨད་ཕལ་ཆེར་ལ་མངའ་མཛད་པས་སྨད་དུ་རྒྱལ་ཁྲིམས་ལྷམ་ཙམ་ཆགས་ཞེས་གྲགས། སྤྱན་སྔ་དོན་ཆེན་ལ་སོགས་པའི་ཙོང་ཁའི་རྒྱལ་རྒྱུད་རྣམས་ཀྱང་དེ་ནས་བྱུང་ཞེས་གསུངས། ཁྲི་དཔོན་དེའི་རྒྱུད་པ་ཨ་མདོ་དཔའ་རིས་ཕྱོགས་སུ་ཡོད་པ་ལས། འཕན་ཡུལ་རང་སྐད་མ་ཉམས་པས་ཁྱི་དཔོན་དུ་འབོད་པར་སྣང་ཞེས་ལོ་རྒྱུས་ཡིག་ཚང་དུ་གསལ།
- language:
- Tibetan
2. Thupten Phuntsok Dictionary
ཡབ་སྨད་ཀྱི་ལྡེ་གསུམ་གྱི་ཡ་གྱལ་འོད་ལྡེ་ལ་སྲས་བཞི་བྱུང་བའི་གཉིས་པ། འདི་ཉིད་མདོ་ཁམས་སུ་ཕེབས་ནས་མཚོ་སྔོན་གྱི་གཞི་བཟུང་སྟེ་ཁྲི་དཔོན་མཛད། ཙོང་ཁ་ཡུལ་ཆེན་བཅོ་བརྒྱད་སོགས་མདོ་སྨད་ཕལ་ཆེར་ལ་མངའ་མཛད་པས་སྨད་དུ་རྒྱལ་ཁྲིམས་ལྷམ་ཙམ་ཆགས་ཞེས་གྲགས། སྤྱན་སྔ་དོན་ཆེན་ལ་སོགས་པའི་ཙོང་ཁའི་རྒྱལ་རྒྱུད་རྣམས་ཀྱང་དེ་ནས་བྱུང་ཞེས་གསུངས། ཁྲི་དཔོན་དེའི་རྒྱུད་པ་ཨ་མདོ་དཔའ་རིས་ཕྱོགས་སུ་ཡོད་པ་ལས། འཕན་ཡུལ་རང་སྐད་མ་ཉམས་པས་ཁྱི་དཔོན་དུ་འབོད་པར་སྣང་ཞེས་ལོ་རྒྱུས་ཡིག་ཚང་དུ་གསལ།
- language:
- Tibetan