Skip to main content Skip to search
khri rnam rgyal lde
ID:
T225574
  • ཁྲི་རྣམ་རྒྱལ་ལྡེ (Tibetan, Tibetan script, Original)
    • > khri rnam rgyal lde (Tibetan, Latin script, Transliteration-THL Extended Wylie Transliteration)
    • > tri namgyal dé (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. dung dkar bod rig pa'i tshig mdzod chen mo

མངའ་རིས་གུང་ཐང་གི་རྒྱལ་པོ་ཁྲི་ལྷ་དབང་རྒྱལ་མཚན་དང༌། བཙུན་མོ་ལྷ་རྒྱལ་མོ་གཉིས་ལ་སྲས་ལྕམ་སྲིང་གསུམ(༡་ཁྲི་རྣམ་རྒྱལ་ལྡེ། ༢‘ཁྲི་ནོར་བུ་ལྡེ། ༣་སྲས་མོ་ཨ་སྒྲོལ་ཆོས་ཀྱི་སྒྲོལ་མ་ཞེས་བསམ་སྡིང་རྡོ་རྗེ་ཕག་མོ་མཆོག་སྤྲུལ་རིན་པོ་ཆེའི་སྐུ་ཕྲེང་དང་པོ)བྱུང་བའི་ཆེ་བ་དེ་ཡིན། རབ་བྱུང་བདུན་པའི་ཆུ་སྟག་(༡༤༢༢)ལོར་སྐུ་འཁྲུངས། རྒྱལ་པོ་ཁྲི་སྲོང་ལྡེ་བཙན་གྱི་སྤྲུལ་པར་གྲགས། ཆུང་དུས་ནས་བློ་གྲོས་ཆེ་ཞིང༌། མདའ་གྲི་མདུང་གསུམ་གྱི་སྒྱུ་རྩལ་ལ་བྱང་ཆུབ་པ། དཔའ་རྩལ་སྙིང་སྟོབས་མཆོག་ཏུ་གྱུར་པ་ཞིག་ཡོད་ཅིང༌། དགུང་ལོ་བཅོ་ལྔ་པ་མེ་འབྲུག(༡༤༣༦)ལོར་སྲིད་དབང་བཟུང༌། བྱང་པ་བདག་པོ་དང་མི་མཐུན་པའི་འགལ་ཟླར་གྱུར་ཏེ། དིང་རི་སྒང་དགར་ཁྲི་ཚང་དུ་ལོ་ཤས་རིང་བཟང་བཙོན་ལྟ་བུར་བཞུགས་དགོས་བྱུང༌། མི་རིང་བར་གུང་ཐང་ཕོ་བྲང་དུ་རང་སྲིད་སྐྱོང་བར་ཕེབས་ཐུབ་པ་བྱུང༌། རོང་པ་དང་ཤེར་པ་སོགས་དགྲ་བོ་མི་སྲུན་པ་རྣམས་ཚར་བཅད་དེ་མངའ་ཞབས་སུ་བསྡུས་ཐོག་དཔྱ་ཁྲལ་ལོ་རེ་བཞིན་འབུལ་རྒྱུའི་མནའ་རྩིགས་བླངས། བོ་དོང་པཎ་ཆེན་འཇིགས་མེད་གྲགས་པ་དང༌། གཙང་སྨྱོན་ཧེ་རུ་ཀ་སངས་རྒྱས་རྒྱལ་མཚན། མཁས་གྲུབ་དཔལ་ལྡན་སངས་རྒྱས་སོགས་བླ་མར་བསྟེན་ནས་ཆོས་མང་དུ་ཞུས། མངའ་རིས་གུང་ཐང་གི་ཆོས་སྡེ་ཆེན་པོ་གསར་འཛུགས་ཐོག བཤད་གྲྭ་དང༌། སྔགས་གྲྭ་གཉིས་ཀ་ཆ་ཚང་ཡོད་པ་དང༌། སྐུ་གསུང་ཐུགས་རྟེན་གྲངས་ལས་འདས་པ་བཞེངས། དགོན་སྡེ་ཡས་མས་རྣམས་ལ་མཆོད་གཞིས་གསར་སྦྱོར་དང་ཁ་སྣོན་གང་ལ་གང་དགོས་ཀྱི་རེ་བ་སྐོང་བར་མཛད་པ་སོགས་མཛད་རྗེས་ཆེ། དགུང་ལོ་གྱ་གཅིག་པ་རབ་བྱུང་བརྒྱད་པའི་ཆུ་ཁྱི་(༡༥༠༢)ལོར་སྐུ་གཤེགས། ཞིབ་པར་ཀ་ཐོག་རིག་འཛིན་ཆེན་པོ་ཚེ་དབང་ནོར་བུས་མཛད་པའི<<མངའ་རིས་སྨད་གུང་ཐང་གི་རྒྱལ་རབས>><<བོད་ཀྱི་ལོ་རྒྱུས་དེབ་ཐེར་ཁག་ལྔ་ཕྱོགས་བསྒྲིགས>>ལྕགས་དཔར་མའི་ཤོག་གྲངས་༡༢༤ནས༡༢༩བར་ཡོད།

language:
Tibetan

2. Thupten Phuntsok Dictionary

མངའ་རིས་གུང་ཐང་གི་རྒྱལ་པོ་ཁྲི་ལྷ་དབང་རྒྱལ་མཚན་དང་། བཙུན་མོ་ལྷ་རྒྱལ་མོ་གཉིས་ལ་སྲས་ལྕམ་སྲིང་གསུམ (༡ ཁྲི་རྣམ་རྒྱལ་ལྡེ། ༢ ཁྲི་ནོར་བུ་ལྡེ། ༣ སྲས་མོ་ཨ་སྒྲོལ་ཆོས་ཀྱི་སྒྲོལ་མ་ཞེས་བསམ་སྡིང་རྡོ་རྗེ་ཕག་མོ་མཆོག་སྤྲུལ་རིན་པོ་ཆེའི་སྐུ་ཕྲེང་དང་པོ) བྱུང་བའི་ཆེ་བ་དེ་ཡིན། རབ་བྱུང་བདུན་པའི་ཆུ་སྟག (༡༤༢༢) ལོར་སྐུ་འཁྲུངས། རྒྱལ་པོ་ཁྲི་སྲོང་ལྡེ་བཙན་གྱི་སྤྲུལ་པར་གྲགས། ཆུང་དུས་ནས་བློ་གྲོས་ཆེ་ཞིང་། མདའ་གྲི་མདུང་གསུམ་གྱི་སྒྱུ་རྩལ་ལ་བྱང་ཆུབ་པ། དཔའ་རྩལ་སྙིང་སྟོབས་མཆོག་ཏུ་གྱུར་པ་ཞིག་ཡོད།

language:
Tibetan