- khri sprul
- ID:
- T225575
- ཁྲི་སྤྲུལ (Tibetan, Tibetan script, Original)
- > khri sprul (Tibetan, Latin script, Transliteration-THL Extended Wylie Transliteration)
- > tri trul (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. dung dkar bod rig pa'i tshig mdzod chen mo
དགའ་ལྡན་ཁྲི་རིན་པོ་ཆེ་སྐུ་གཤེགས་རྗེས་འགའ་ཞིག་ལ་ཡང་སྲིད་ངོས་འཛིན་ཞུས་ཡོད་པ་དེ་རིགས་ལ་ཡོངས་གྲགས་ཁ་རྒྱུན་དུ་ཁྲི་སྤྲུལ་ཞེས་འབོད་སྲོལ་བྱུང་བ་དེའི་བསྡུས་མིང་སྟེ། དགའ་ལྡན་ཁྲི་ཐོག་ལྔ་པ་ཁྲི་ཆེན་བློ་གྲོས་ཆོས་སྐྱོང་གི་ཡང་སྲིད་མུ་ལི་སྐྱབས་མགོན་ནི་དགའ་ལྡན་ཁྲི་པའི་ཡང་སྲིད་ངོས་འཛིན་ཞུས་པའི་ཐོག་མ་དེ་ཡིན། དེ་ནས་ཁྲི་ཐོག་ཉི་ཤུ་རྩ་ལྔ་པ་ཁྲི་ཆེན་རྒྱལ་ཁང་རྩེ་པ་དཔལ་འབྱོར་རྒྱ་མཚོ(རྒྱལ་ཁང་རྩེ་ཁྲི་སྤྲུལ)ཁྲི་ཐོག་བཅོ་ལྔ་པ་པཎ་ཆེན་བསོད་ནམས་གྲགས་པ(མངའ་རིས་རིན་པོ་ཆེའི་སྐུ་ཕྲེང)ཁྲི་ཐོག་ཞེ་བཞི་པ་ཁྲི་རྒྱ་ནག་པ་བློ་གྲོས་རྒྱ་མཚོ(ལ་མོ་ཁྲི་སྤྲུལ)ཁྲི་ཐོག་ཞེ་བདུན་པ་ཁྲི་ཆེན་ཡང་སྟེང་པ་བློ་བཟང་ཆོས་འཕེལ(སེར་སྨད་སྤོམ་འབོར་ཁྲི་སྤྲུལ)ཁྲི་ཐོག་ཞེ་བརྒྱད་པ་ཁྲི་ཆེན་དོན་གྲུབ་རྒྱ་མཚོ་(ཡོངས་འཛིན་གླིང་རིན་པོ་ཆེ་སྐུ་ཕྲེང)ཁྲི་ཐོག་ཞེ་དགུ་པ་ཁྲི་ཆེན་བློ་བཟང་དར་རྒྱས(སེར་སྨད་གཞུང་པ་དག་པ་ཁྲི་སྤྲུལ་སྐུ་ཕྲེང)ཁྲི་ཐོག་ལྔ་བཅུ་པ་ཁྲི་ཆེན་དགེ་འདུན་ཕུན་ཚོགས(བཀྲ་ཤིས་འཁྱིལ་གུང་ཐང་རིན་པོ་ཆེ་སྐུ་ཕྲེང)ཁྲི་ཐོག་ང་གཅིག་པ་ཁྲི་ཆེན་དཔལ་ལྡན་གྲགས་པ(འབྲས་སྤུངས་སྒོ་མང་ཧོར་ཚང་ཁྲི་སྤྲུལ་སྐུ་ཕྲེང)ཁྲི་ཐོག་ང་གཉིས་པ་ཁྲི་ཆེན་དྭགས་པོ་ཚེ་འཕེལ(དགའ་ལྡན་བྱང་རྩེ་ཁྲི་དྭགས་རིན་པོ་ཆེ་སྐུ་ཕྲེང)ཁྲི་ཐོག་ང་གསུམ་པ་ཁྲི་ཆེན་རྒྱལ་མཚན་སེང་གེ(གཙོས་ཁྲི་སྤྲུལ་སྐུ་ཕྲེང)ཁྲི་ཐོག་ང་བཞི་པ་ཁྲི་ཆེན་ངག་དབང་མཆོག་ལྡན(སེར་བྱེས་བསམ་བློ་རྭ་སྒྲེང་མཆོག་སྤྲུལ་རིན་པོ་ཆེ་སྐུ་ཕྲེང)ཁྲི་ཐོག་ང་ལྔ་པ་ཁྲི་ཆེན་ནམ་མཁའ་བཟང་པོ(མདོ་སྨད་ཟམ་ཚ་ཁྲི་སྤྲུལ་སྐུ་ཕྲེང)ཁྲི་ཐོག་རེ་གཅིག་པ་ཁྲི་ཆེན་ངག་དབང་ཚུལ་ཁྲིམས(སེར་སྨད་ཚ་རྡོར་ཚེ་སྨོན་གླིང་མཆོག་སྤྲུལ་རིན་པོ་ཆེ་སྐུ་ཕྲེང)ཁྲི་ཐོག་རེ་གསུམ་པ་ཁྲི་ཆེན་བློ་བཟང་མཁས་མཆོག(སེར་སྨད་རྒྱལ་རོང་ཁྲི་སྤྲུལ་སྐུ་ཕྲེང)ཁྲི་ཐོག་རེ་བརྒྱད་པ་ཁྲི་ཆེན་བློ་བཟང་དགེ་ལེགས(སེར་སྨད་ཚ་བ་ཁྲི་སྤྲུལ་ཡོངས་གྲགས་སུ་ཚསྤྲུལ་རིན་པོ་ཆེར་གྲགས)ཁྲི་ཐོག་རེ་དགུ་པ་ཁྲི་ཆེན་བྱང་ཆུབ་ཆོས་འཕེལ(དགའ་ལྡན་ཤར་རྩེ་རྡོ་ཁང་ཡོངས་འཛིན་ཁྲི་བྱང་རིན་པོ་ཆེ་སྐུ་ཕྲེང)ཁྲི་ཐོག་བདུན་ཅུ་པ་ཁྲི་ཆེན་ངག་དབང་ཆོས་འཕེལ(ཡོངས་འཛིན་སྟག་བྲག་རིན་པོ་ཆེ་སྐུ་ཕྲེང)ཁྲི་ཐོག་དོན་དྲུག་པ་ཁྲི་ཆེན་མཁྱེན་རབ་དབང་ཕྱུག(འབྲས་བློ་གླིང་རྒྱལ་རོང་སྡེ་དྲུག་རིན་པོ་ཆེ་སྐུ་ཕྲེང)ཁྲི་ཐོག་གྱ་གཅིག་པ་ཁྲི་ཆེན་ངག་དབང་ནོར་བུ(འབྲས་སྒོ་མང་ཟུང་ཇུ་ཁྲི་ངག་དབང་ནོར་བུ་སྐུ་ཕྲེང)ཁྲི་ཐོག་གྱ་དགུ་པ་ཁྲི་ཆེན་བློ་བཟང་ཐུབ་བསྟན་སྙན་གྲགས་རྒྱ་མཚོ(དགའ་ལྡན་ཤར་རྩེ་༡ག་རེ་ཁྲི་སྤྲུལ་སྐུ་ཕྲེང)ཁྲི་ཐོག་གོ་གཉིས་པ་ཁྲི་ཆེན་ཐུབ་བསྟན་ཉིན་བྱེད(འབྲས་བློ་གླིང་གཙང་པ་ཁྲི་སྤྲུལ་སྐུ་ཕྲེང)ཁྲི་ཐོག་གོ་གསུམ་པ་ཡེ་ཤེས་དབང་ལྡན་འབྲས་བློ་གླིང་མི་ཉག་ཁྲི་སྤྲུལ་བཅས་སོ། །
- language:
- Tibetan
2. Thupten Phuntsok Dictionary
དགའ་ལྡན་ཁྲི་རིན་པོ་ཆེ་སྐུ་གཤེགས་རྗེས་འགའ་ཞིག་ལ་ཡང་སྲིད་ངོས་འཛིན་ཞུས་ཡོད་པ་དེ་རིགས་ལ་ཡོངས་གྲགས་ཁ་རྒྱུན་དུ་ཁྲི་སྤྲུལ་ཞེས་འབོད་སྲོལ་བྱུང་བ་དེའི་བསྡུས་མིང་སྟེ། དགའ་ལྡན་ཁྲི་ཐོག་ལྔ་པ་ཁྲི་ཆེན་བློ་གྲོས་ཆོས་སྐྱོང་གི་ཡང་སྲིད་མུ་ལི་སྐྱབས་མགོན་ནི་དགའ་ལྡན་ཁྲི་པའི་ཡང་སྲིད་ངོས་འཛིན་ཞུས་པའི་ཐོག་མ་དེ་ཡིན།
- language:
- Tibetan