- khri sprul blo bzang rgyal mtshan seng ge
- ID:
- T225576
- ཁྲི་སྤྲུལ་བློ་བཟང་རྒྱལ་མཚན་སེང་གེ (Tibetan, Tibetan script, Original)
- > khri sprul blo bzang rgyal mtshan seng ge (Tibetan, Latin script, Transliteration-THL Extended Wylie Transliteration)
- > tri trul lo zang gyaltsen sengé (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. dung dkar bod rig pa'i tshig mdzod chen mo
དགའ་ལྡན་ཁྲི་ཐོག་ང་གསུམ་པ་ཁྲི་ཆེན་རྒྱལ་མཚན་སེང་གེའི་སྤྲུལ་སྐུ་ཡིན། ཁྲོམ་ཐོག་གི་ཡུལ་དུ་ཡབ་ལྕགས་པོ་བྱམས་ཀྱི་སྲས་སུ་རབ་བྱུང་བཅུ་གསུམ་པའི་མེ་གླང(༡༧༥༧)ལོར་སྐུ་འཁྲུངས། ཆུང་ངུའི་དུས་ནས་སྔོན་གནས་རྗེས་དྲན་གྱི་མཛད་སྤྱོད་ཁྱད་པར་ཅན་གསལ་བས་ཁྲི་ཆེན་རྒྱལ་མཚན་སེང་གེའི་ཡང་སྲིད་དུ་ངོས་བཟུང༌། དགུང་ལོ་བདུན་པ་ཆུ་ལུག་(༡༧༦༣)ལོར་གཙོས་དགོན་པ་དགའ་ལྡན་བཤད་སྒྲུབ་གླིང་དུ་གོང་མའི་ཁྲིར་བཀོད། སྟག་ཚང་ལྷ་མོའི་དཔོན་སློབ་མཁས་གྲུབ་རྒྱ་མཚོའི་དྲུང་ནས་དགེ་ཚུལ་གྱི་སྡོམ་པ་བཞེས། གཞུང་ཆེན་པོ་ལྔའི་མཚན་ཉིད་རིག་པ་གསན་བཞེས་ཀྱི་ཞབས་ཕྱི་ཟུར་དུ་བཙུགས་ནས་བསྡུས་གྲྭ་སློབ་གཉེར་གནང་ཞིང༌། ཞར་ལ་སུམ་རྟགས་དང༌། སྐར་རྩིས། སྙན་ངག སྒྲ་རིག་པ་བཅས་ལ་སྦྱངས་པ་མཛད། པཎ་ཆེན་རིན་པོ་ཆེ་དཔལ་ལྡན་ཡེ་ཤེས་པེ་ཅིན་དུ་ཕེབས་པའི་ལམ་བར་དུ་མཇལ་ཏེ་དགེ་སློང་གི་སྡོམ་པ་ཞུས། དགུང་ལོ་ཉེར་དྲུག་པ་ཆུ་སྟག(༡༧༨༢)ལོར་དབུས་སུ་ཕེབས་ནས་ཏཱ་ལའི་བླ་མ་རིན་པོ་ཆེ་འཇམ་དཔལ་རྒྱ་མཚོ་དང་ཚེ་སྨོན་གླིང་ཁྲི་ཆེན་ངག་དབང་ཚུལ་ཁྲིམས་ཀྱིས་སྲིད་དབང་སྐྱོང་གནང་མཛད་པ་དང་སྟབས་ཁེལ་བས་མཇལ་ཕྲད་མཛད་རྗེས་འབྲས་སྤུངས་སྒོ་མང་གྲྭ་ཚང་དུ་ཆོས་ཞུགས་གནང་ནས་གཞུང་ཆེན་པོ་ལྔར་སློབ་གཉེར་ཡུན་རིང་གནང་ཞིང༌། གསེང་བར་ནམ་བྱུང་ལ་ཡོངས་འཛིན་ཡེ་ཤེས་རྒྱལ་མཚན་དང༌། ཀློང་རྡོལ་བླ་མ་རིན་པོ་ཆེ། བྲག་ཏི་རྒྱ་མཚོ་མཐའ་ཡས། ཉི་ཐང་ངག་དབང་དོན་གྲུབ། ཤར་རྩེ་མཁན་ཆེན་བློ་བཟང་རྒྱ་མཚོ་སོགས་བླ་མ་དགེ་བཤེས་མང་པོའི་དྲུང་ནས་མདོ་སྔགས་ཀྱི་ཆོས་བཀའ་མང་པོ་གསན་པ་བཅས་ལོ་ཉི་ཤུ་རྩ་ལྔའི་བར་བཞུགས། དགུང་ལོ་ང་དྲུག་པ་རབ་བྱུང་བཅུ་བཞི་པའི་ཆུ་སྤྲེལ(༡༨༡༢)ལོར་རང་ཡུལ་མདོ་སྨད་དུ་ཕེབས་ཁར་ཏཱ་ལའི་བླ་མ་རིན་པོ་ཆེ་སྐུ་ཕྲེང་དགུ་པ་ལུང་རྟོགས་རྒྱ་མཚོས་ཨེ་རྟི་ནེ་པཟླི་ཏ་ཞེས་པའི་ཆོ་ལོ་དང་ལས་ཚན་གྱི་གཟེངས་བསྟོད་གནང༌། རང་ཡུལ་གྱི་དགོན་པར༌ཕེབས་རྗེས་ཆོས་འཆད་ཉན་དང༌། སྒྲིག་ལམ་གྱི་རྟིང་བསྐུལ་སོགས་གང་ལ་གང་འཚམས་པའི་ཐབས་མཁས་ཀྱི་སྒོ༌རྣེསེ་སྐྱོང་བར་མཛད་པས་ཕན་འབྲས་ཆེན་པོ་བྱུང་སྟེ་སློབ༌མ་མཁས་པ་མང་དུ་ཐོན། མདོ་སྨད་ལྷོ་རྒྱུད་ཀྱི་དགོན་སྡེ༌མང་པོས་གདན་དྲངས་པ་ལྟར་ཕེབས་ཏེ་མདོ་སྔགས་ཀྱི་ཆོས་རྒྱ་ཆེར་སྩལ། གསུང་རྩོམ་པོད་བརྒྱད་ལྷག་ཙམ་གཙོས་དགོན་ཆེན་དུ་དཔར་ཡོད། དགུང་ལོ་གོ་གསུམ་པ༌རབ་བྱུང་བཅུ་བཞི་པའི་ས་བྱ(༡༨༤༩)ལོར་སྐུ་གཤེགས། །རྣམ་ཐར་སྐོར་དམ་པ་དེ་ཉིད་ཀྱིས་མཛད་པ་རྩོམ་འཕྲོ་ཅན་ལ་ཞལ་སློབ་བསྟན་པ་རྒྱལ་མཚན་གྱིས་ཁ་སྐོང་བྱས་པ་<<ཉིན་མོའི་འོད>>དཔར་མ་ཤོག་གྲངས༢༣༠ཡོད་པ་དམ་པ་དེའི་གསུང་འབུམ་པོད[ཀ]པའི་ནང་བཞུགས།
- language:
- Tibetan
2. Thupten Phuntsok Dictionary
དགའ་ལྡན་ཁྲི་ཐོག་ང་གསུམ་པ་ཁྲི་ཆེན་རྒྱལ་མཚན་སེང་གེའི་སྤྲུལ་སྐུ་ཡིན། ཁྲོམ་ཐོག་གི་ཡུལ་དུ་ཡབ་ལྕགས་པོ་བྱམས་ཀྱི་སྲས་སུ་རབ་བྱུང་བཅུ་གསུམ་པའི་མེ་གླང (༡༧༥༧) ལོར་སྐུ་འཁྲུངས། ཆུང་ངུའི་དུས་ནས་སྔོན་གནས་རྗེས་དྲན་གྱི་མཛད་སྤྱོད་ཁྱད་པར་ཅན་གསལ་བས་ཁྲི་ཆེན་རྒྱལ་མཚན་སེང་གེའི་ཡང་སྲིད་དུ་ངོས་བཟུང་། དགུང་ལོ་ང་དྲུག་པ་རབ་བྱུང་བཅུ་བཞི་པའི་ཆུ་སྤྲེལ (༡༨༡༢) ལོར་རང་ཡུལ་མདོ་སྨད་དུ་ཕེབས་ཁར་ཏཱ་ལའི་བླ་མ་རིན་པོ་ཆེ་སྐུ་ཕྲེང་དགུ་པ་ལུང་རྟོགས་རྒྱ་མཚོས་ཨེ་རྟི་ནེ་པཎྜི་ཏ་ཞེས་པའི་ཆོས་ལོ་དང་ལས་ཚན་གྱི་གཟེངས་བསྟོད་གནང་། དགུང་ལོ་གོ་གསུམ་པ་རབ་བྱུང་བཅུ་བཞི་པའི་ས་བྱ (༡༨༤༩) ལོར་སྐུ་གཤེགས།
- language:
- Tibetan
3. gangs can mkhas grub rim byon ming mdzod
ཁོང་ནི་གཙོས་བློ་བཟང་རྒྱལ་མཚན་སེང་གེ་དང་མི་གཅིག་ཡིན་པས་དེ་ལ་གཟིགས་པར་ཞུའོ།།
- language:
- Tibetan