Skip to main content Skip to search
khri lha dbang rgyal mtshan
ID:
T225597
  • ཁྲི་ལྷ་དབང་རྒྱལ་མཚན (Tibetan, Tibetan script, Original)
    • > khri lha dbang rgyal mtshan (Tibetan, Latin script, Transliteration-THL Extended Wylie Transliteration)
    • > tri lhawang gyaltsen (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. dung dkar bod rig pa'i tshig mdzod chen mo

མངའ་རིས་གུང་ཐང་གི་རྒྱལ་པོ་ཁྲི་བསོད་ནམས་ལྡེས་ཟུར་དུ་བཙུན་མ་སངས་རྒྱས་བཟང་མོ་དང་འབྲེལ་བ་བྱུང་བ་ལས་རྒྱལ་པོ་གཤེགས་རྗེས་སྲས་ཤིག་རབ་བྱུང་བདུན་པའི་ཤིང་སྤྲེལ(༡༤༠༤)ལོར་འཁྲུངས་པ་དེ་ཡིན། དགུང་ལོ་བཅོ་ལྔའི་སྐབས་ཡུམ་དང་མཉམ་དུ་གུང་ཐང་ཕོ་བྲང་དུ་གདན་དྲངས། དེའི་ཕྱི་ལོ་ས་ཕག(༡༤༡༩)ལོར་སྲིད་དབང་བཟུང༌། རྗེ་བཟང་པོ་རྒྱལ་མཚན་པ་དང་བླ་ཆེན་ཆོས་དཔལ་བཟང་པོ། བོ་དོང་པཎ་ཆེན་འཇིགས་བྲལ་རྣམས་རྩ་བའི་བླ་མར་བསྟེན། ཕོ་བྲང་བྱང་ཐོག་སོ་དྲུག་ཡོད་པ་གསར་དུ་བརྩིགས་ནས་དེར་སྐུ་གསུང་ཐུགས་རྟེན་གྲངས་ལས་འདས་པ་གསར་བཞེངས་དང༌། བོ་དོང་པཎ་ཆེན་འཇིགས་བྲལ་གྱི་སྐུ་བརྙན་དང༌། དམ་པ་དེའི་གསུང་རྩོམ<<དཔལ་དེ་ཉིད་འདུས་པའི་འགྲེལ་པ>>རྒྱས་འབྲིང་བསྡུས་གསུམ་ཆ་ཚང་དང༌། གསུང་རྩོམ་གཞན་དག་མང་པོའི་ཤིང་དཔར་གསར་བཞེངས་གནང༌། གུང་ཐང་ཆོས་སྡེ་ཆེན་པོའི་འདུ་ཁང་ཀ་བ་དྲུག་ཅུ་པའི་ལྡེབས་བྲིས་གསར་བཞེངས། གཞུང་ཆེན་པོ་ལྔའི་བཤད་གྲྭ་གསར་འཛུགས་དང༌། རྒྱུད་སྡེའི་སྒྲུབ་མཆོད་དང༌། སྒྲུབ་སྡེ་ཁག་གི་མཆོད་རྒྱུན་མཆོད་གཞིས་གཏན་འཇགས། མངའ་ཁོངས་ཚང་མར་རི་རྒྱ་ཀླུང་རྒྱ་བསྡམས་པ། ཟམ་པ་ལམ་འཕྲང་གསར་བཅོས་སོགས་ཆོས་སྲིད་གཉིས་ཀའི་མཛད་རྗེས་རླབས་ཆེ། དགུང་ལོ་གྱ་གཅིག་པ་རབ་བྱུང་བརྒྱད་པའི་ཆུ་ཁྱི(༡༥༠༢)ལོར་སྐུ་གཤེགས། ལོ་རྒྱུས་སྐོར་ཀ་ཐོག་རིག་འཛིན་ཆེན་པོ་ཚེ་དབང་ནོར་བུས་མཛད་པའི<<མངའ་རིས་སྨད་གུང་ཐང་གི་དེབ་ཐེར་དྭངས་ཤེལ་འཕྲུལ་གྱི་མེ་ལོང>>ཞེས་པ་དང<<བོད་ཀྱི་ལོ་རྒྱུས་དེབ་ཐེར་ཁག་ལྔ>>ལྕགས་དཔར་མའི་ཤོག་གྲངས༡༢༢ནས༡༢༩བར་གསལ།

language:
Tibetan

2. Thupten Phuntsok Dictionary

མངའ་རིས་གུང་ཐང་གི་རྒྱལ་པོ་ཁྲི་བསོད་ནམས་ལྡེས་ཟུར་དུ་བཙུན་མ་སངས་རྒྱས་བཟང་མོ་དང་འབྲེལ་བ་བྱུང་བ་ལས་རྒྱལ་པོ་གཤེགས་རྗེས་སྲས་ཤིག་རབ་བྱུང་བདུན་པའི་ཤིང་སྤྲེལ (༡༤༠༤) ལོར་འཁྲུངས་པ་དེ་ཡིན།

language:
Tibetan