- khrid gnyer ba
- ID:
- T225603
- ཁྲིད་གཉེར་བ (Tibetan, Tibetan script, Original)
- > khrid gnyer ba (Tibetan, Latin script, Transliteration-THL Extended Wylie Transliteration)
- > tri nyerwa (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. dung dkar bod rig pa'i tshig mdzod chen mo
འབྲུག་པ་བཀའ་བརྒྱུད་ཆོས་ལུགས་ཀྱི་ཕྱག་བཞེས་སུ་བླ་མས་སློབ་མ་རྣམས་ལ་མདོ་སྔགས་གཉིས་ཀྱི་བཀའ་ཁྲིད་ཆ་ཚང་ཞིག་གནང་གྲུབ་པའི་རྗེས་སུ་སློབ་མ་རྣམས་སྒྲུབ་གྲྭའི་མཚམས་ཁང་སོ་སོར་ཁྲིད་ཀྱི་ས་བཅད་གོ་རིམ་ལྟར་རེ་རེ་བཞིན་ཉམས་མྱོང་རྒྱུད་ལ་མ་སྐྱེས་བར་དུ་བསྒོམ་བཅུག་ཐོག་སློབ་མ་སོ་སོའི་གནས་ཚད་ལོན་མིན་གྱི་རྒྱུགས་བཞེས་རྗེས་གནས་ཚད་མ་ལོན་པ་རྣམས་ལ་ཡང་བསྐྱར་འགྲེལ་བཤད་དང་དོགས་གཅོད་གང་ལ་གང་འོས་གནང་ནས་ཡང་བསྐྱར་བསྒོམ་དུ་འཇུག་རྒྱུ་དང༌། གནས་ཚད་ལོན་པ་རྣམས་ས་བཅད་རིམ་པ་གོང་མར་སྤོ་རུ་འཇུག་པ་བཅས་ཀྱི་ཉམས་མྱོང་ཡོད་པའི་ཟུར་ཁྲིད་སློབ་དཔོན་ཞིག་བསྐོ་གཞག་མཛད་ཀྱི་ཡོད་པ་དེའི་མིང་སྟེ་དགེ་ལུགས༌ཕྱོགས་སུ་རྒྱུད་གྲྭ་སྟོད་སྨད་གཉིས་དང༌། གཙང་གི་སྲད་རྒྱུད་གྲྭ་ཚང༌། སྒྲུབ་སྡེ་རི་ཁྲོད་བཅས་ལ་ཁྲིད་དཔོན་ཟེར་བ་ཞིག་ཡོད་པ་དེ་དང་གཅིག་མཚུངས་ཡིན། །
- language:
- Tibetan
2. Thupten Phuntsok Dictionary
འབྲུག་པ་བཀའ་བརྒྱུད་ཆོས་ལུགས་ཀྱི་ཕྱག་བཞེས་སུ་བླ་མས་སློབ་མ་རྣམས་ལ་མདོ་སྔགས་གཉིས་ཀྱི་བཀའ་ཁྲིད་ཆ་ཚང་ཞིག་གནང་གྲུབ་པའི་རྗེས་སུ་སློབ་མ་རྣམས་སྒྲུབ་གྲྭའི་མཚམས་ཁང་སོ་སོར་ཁྲིད་ཀྱི་ས་བཅད་གོ་རིམ་ལྟར་རེ་རེ་བཞིན་ཉམས་མྱོང་རྒྱུད་ལ་མ་སྐྱེས་བར་དུ་བསྒོམ་བཅུག་ཐོག་སློབ་མ་སོ་སོའི་གནས་ཚད་ལོན་མིན་གྱི་རྒྱུགས་བཞེས་རྗེས་གནས་ཚད་མ་ལོན་པ་རྣམས་ལ་ཡང་བསྐྱར་འགྲེལ་བཤད་དང་དོགས་གཅོད་གང་ལ་གང་འོས་གནང་ནས་ཡང་བསྐྱར་བསྒོམ་དུ་འཇུག་རྒྱུ་དང་། གནས་ཚད་ལོན་པ་རྣམས་ས་བཅད་རིམ་པ་གོང་མར་སྤོ་རུ་འཇུག་པ་བཅས་ཀྱི་ཉམས་མྱོང་ཡོད་པའི་ཟུར་ཁྲིད་སློབ་དཔོན་ཞིག་བསྐོ་གཞག་མཛད་ཀྱི་ཡོད་པ་དེའི་མི་སྟེ་དགེ་ལུགས་ཕྱོགས་སུ་རྒྱུད་སྟོད་སྨད་གཉིས་དང་། གཙང་གི་སྲད་རྒྱུད་གྲྭ་ཚང་། སྒྲུབ་སྡེ་རི་ཁྲོད་བཅས་ལ་ཁྲིད་དཔོན་ཟེར་བ་ཞིག་ཡོད་པ་དེ་དང་གཅིག་མཚུངས་ཡིན།
- language:
- Tibetan