- khrims gnyis
- ID:
- T225657
- ཁྲིམས་གཉིས (Tibetan, Tibetan script, Original)
- > khrims gnyis (Tibetan, Latin script, Transliteration-THL Extended Wylie Transliteration)
- > trim nyi (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. dung dkar bod rig pa'i tshig mdzod chen mo
སྲིད་ཁྲིམས་དང་ཆོས་ཁྲིམས་ཀྱི་ལུགས་གཉིས། སྔར་བོད་དུ་ཆོས་ལུགས་ཐོག་མར་དར་བ་ནས་དུས་རབས་བཅུ་གསུམ་པའི་དཀྱིལ་དུ་ས་སྐྱ་བས་བོད་ས་གནས་ཀྱི་སྲིད་དབང་བཟུང་སྟེ་ཆོས་སྲིད་ཟུང་འབྲེལ་གྱི་ལམ་ལུགས་མ་བྱུང་ཕན་ཆད་ཆོས་ཁྲིམས་དང་སྲིད་ཁྲིམས་སོ་སོར་གནས་ཡོད་ཅིང༌། དེ་ནས་བཟུང་བཀས་བཀོད་རྒྱུད་འཛིན་གྱི་ཁྲིམས་ལུགས་དགོན་པའི་ནང་དུ་བེད་སྤྱོད་བྱེད་འགོ་ཚུགས་པ་ལས། དེའི་གོང་དུ་ལོ་སུམ་བརྒྱ་ཙམ་གྱི་རིང་དགོན་པ་ཁག་གི་ནང་བཀས་བཀོད་བརྒྱུད་འཛིན་གྱི་ཁྲིམས་ལུགས་ལག་ལེན་བསྟར་བའི་དཔྱད་གཞི་གཏན་ནས་མི་སྣང་ངོ༌། །
- language:
- Tibetan
2. Thupten Phuntsok Dictionary
སྲིད་ཁྲིམས་དང་ཆོས་ཁྲིམས་ཀྱི་ལུགས་གཉིས། སྔར་བོད་དུ་ཆོས་ལུགས་ཐོག་མར་དར་བ་ནས་དུས་རབས་བཅུ་གསུམ་པའི་དཀྱིལ་དུ་ས་སྐྱ་བས་བོད་ས་གནས་ཀྱི་སྲིད་དབང་བཟུང་སྟེ་ཆོས་སྲིད་ཟུང་འབྲེལ་གྱི་ལམ་ལུགས་མ་བྱུང་ཕན་ཆད་ཆོས་ཁྲིམས་དང་སྲིད་ཁྲིམས་སོ་སོར་གནས་ཡོད་ཅིང་། དེ་ནས་བཟུང་བཀས་བཀོད་རྒྱུད་འཛིན་གྱི་ཁྲིམས་ལུགས་དགོན་པའི་ནང་དུ་བེད་སྤྱོད་བྱེད་འགོ་ཚུགས་པ་ལས། དེའི་གོང་དུ་ལོ་སུམ་བརྒྱ་ཙམ་གྱི་རིང་དགོན་པ་ཁག་གི་ནང་བཀས་བཀོད་བརྒྱུད་འཛིན་གྱི་ཁྲིམས་ལུགས་ལག་ལེན་བསྟར་བའི་དཔྱད་གཞི་གཏན་ནས་མི་སྣང་ངོ། །
- language:
- Tibetan