- khrims 'degs
- ID:
- T225677
- ཁྲིམས་འདེགས (Tibetan, Tibetan script, Original)
- > khrims 'degs (Tibetan, Latin script, Transliteration-THL Extended Wylie Transliteration)
- > trim dek (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. dung dkar bod rig pa'i tshig mdzod chen mo
ཁྲིམས་ཁང་དུ་ཞུ་གཏུགས་བྱེད་མཁན་སུ་ཡིན་ཀྱང་བདེན་པ་ཡོད་མིན་ལ་མ་ལྟོས་པར་ཁྲིམས་སྲོལ་འགྲོ་ལུགས་ཀྱི་གྲོན་དངུལ་སྤྲོད་དགོས་པ་དེ་ལ་ཟེར། དེ་སྐོར་ལ་ཁྲིམས་འདེགས་ཀྱི་རིམ་པ་བཅུ་གསུམ་ཡོད་པ་དང༌། ཨང་དང་པོར་མཚོན་ན་ཁ་བཏགས་ཆེ་བ(དོད་དངུལ་སྲང༢.༨)གསེར་སྲང་གང(དོད་དངུལ་སྲང༩.༩)གོས་བར་རྙིང(དོད་དངུལ་སྲང༤༡.༤)ལིང་སྔོ་དམར་སེར་ཡུག(དོད་དངུལ་སྲང༩.༠)སྨན་རྙིང་ཡུག(དོད་དངུལ་སྲང༣)རྒྱ་རས་ཡུག་བཞི(དོད་དངུལ་སྲང༡.༥)ཤན་ཕོབ(དོད་དངུལ་སྲང༣)གཞུང་ཇ་འཁོར་དྲུག་རེ་(དོད་དངུལ་སྲང༨༢་༨)བབས་སྲང༢༧་༧སྨྱུག་སྲང༥༡་༨བཅས་སྨྱུག་མ་ཐེ་བའི་ཁྱོན་བསྡོམས་སྲང༡༠༨༦་༨ཐོབ་པ་སོགས། ཁྲིམས་འདེགས་ཨང་བཅུ་གསུམ་བར་གྱི་ཐོབ་ཆ་དོད་དང་བཅས་པའི་དཔེར་བརྗོད་བཅས<<ཞལ་ལྕེ་ཕྱོགས་བསྡུས>>ལྕགས་དཔར་མའི་ཤོག་གྲངས༡༩༤ནས༡༩༩བར་གསལ་བ་དེ་དང༌། <<སྔ་རབས་ཁྲིམས་སྲོལ་ཕྱོགས་བསྡུས>>ལྕགས་དཔར་མའི་ཤོག་གྲངས༧༨ནས༢༡བར་གསལ་བ་དེ་གཉིས་ཕན་ཚུན་བསྡུར་ནས་གཟིགས་རྒྱུ།
- language:
- Tibetan
2. Thupten Phuntsok Dictionary
ཁྲིམས་ཁང་དུ་ཞུ་གཏུགས་བྱེད་མཁན་སུ་ཡིན་ཀྱང་བདེན་པ་ཡོད་མིན་ལ་མ་ལྟོས་པར་ཁྲིམས་སྲོལ་འགྲོ་ལུགས་ཀྱི་གྲོན་དངུལ་སྤྲོད་དགོས་པ་དེ་ལ་ཟེར། དེ་སྐོར་ལ་ཁྲིམས་འདེགས་ཀྱི་རིམ་པ་བཅུ་གསུམ་ཡོད་པ་དང་། ཨང་དང་པོར་མཚོན་ན་ཁ་བཏགས་ཆེ་བ (དོད་དངུལ་སྲང༢.༨) གསེར་སྲང་གང (དོད་དངུལ་སྲང༩.༩) གོས་བར་རྙིང (འདོད་དངུལ་སྲང༤༡.༤) ལིང་སྔོ་དམར་སེར་ཡུག (དོད་དངུལ་སྲང༩.༠) སྨན་རྙིང་ཡུག (དོད་དངུལ་སྲང༣) རྒྱ་རས་ཡུག་བཞི (དོད་དངུལ་སྲང༡.༥) ཤན་ཕོབ (དོད་དངུལ་སྲོང༣) གཞུང་ཇ་འཁོར་དྲུག་རེ (དོད་དངུལ་སྲང༨༢.༨) བབས་སྲང༢༧.༧རྨྱུག་སྲང༥༡.༨བཅས་རྨྱུག་མ་ཐེ་བའི་ཁྱོན་བསྡོམས་སྲང༡༠༨.༦.༨ཐོབ་པ་སོགས། ཁྲིམས་འདེགས་ཨང་བཅུ་གསུམ་བར་གྱི་ཐོབ་ཆ་དོད་དང་བཅས་པའི་དཔེར་བརྗོད་བཅསཞལ་ལྕེ་ཕྱོགས་བསྡུས》ལྕགས་དཔར་མའི་ཤོག་གྲངས༡༩༤ནས༡༩༩བར་གསལ་བ་དེ་དང་། སྔ་རབས་ཁྲིམས་སྲོལ་ཕྱོགས་བསྡུས》 ལྕགས་དཔར་མའི་ཤོག་གྲངས༧༨ནས༢༡བར་གསལ་བ་དེ་གཉིས་ཕན་ཚུན་བསྡུར་ནས་གཟིགས་རྒྱུ།
- language:
- Tibetan