- khrims dbyug sba dkar po
- ID:
- T225680
- ཁྲིམས་དབྱུག་སྦ་དཀར་པོ (Tibetan, Tibetan script, Original)
- > khrims dbyug sba dkar po (Tibetan, Latin script, Transliteration-THL Extended Wylie Transliteration)
- > trim yukba karpo (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. dung dkar bod rig pa'i tshig mdzod chen mo
དེ་སྔོན་བོད་ཀྱི་དགོན་པ་ཆེ་བ་སེ་འབྲས་དགེ་གསུམ་ལ་ཁྲིམས་ཀྱི་དབྱུག་པ་ལྕགས་རྒྱུག་ཞེས་པ་ཞིག་ཡོད། སེ་འབྲས་དགེ་གསུམ་གྱི་དགོན་པ་ཐོག་མར་འདེབས་སྐབས་ཀྱི་ཁྲིམས་རྒྱུག་ནི་སྦོམ་ཕྲ་མི་རྒན་མཁར་རྒྱུག་ལས་ཆེ་ཙམ་དང༌། རིང་ཐུང་ཁྲུ་གང་ལྷག་ཙམ་ལས་མེད། རྗེས་སུ་རིམ་པས་རིང་ཐུང་གཟུགས་ཚད་དང་མཉམ་པ་དང༌། ཕྲ་སྦོམ་ལག་ངར་ཙམ་གྱི་བར་ཆེ་རུ་སོང་འིང༌། གདན་ས་བཀྲ་ཤིས་ལྷུན་པོ་སོགས་དགོན་
- language:
- Tibetan
2. Thupten Phuntsok Dictionary
དེ་སྔོན་བོད་ཀྱི་དགོན་པ་ཆེ་བ་སེ་འབྲས་དགེ་གསུམ་ལ་ཁྲིམས་ཀྱི་དབྱུག་པ་ལྕགས་རྒྱུག་ཞེས་པ་ཞིག་ཡོད། སེ་འབྲས་དགེ་གསུམ་གྱི་དགོན་ཐོག་མར་འདེབས་སྐབས་ཀྱི་ཁྲིམས་རྒྱུག་ནི་སྦོམ་ཕྲ་མི་རྒན་མཁར་རྒྱུག་ལས་ཆེ་ཙམ་དང་། རིང་ཐུང་ཁྲུ་གང་ལྷག་ཙམ་ལས་མེད། རྗེས་སུ་རིམ་པས་རིང་ཐུང་གཟུགས་ཚད་དང་མཉམ་པ་དང་། ཕྲ་སྦོམ་ལག་ངར་ཙམ་གྱི་བར་ཆེ་རུ་སོང་ཞིང་། གདན་ས་བཀྲ་ཤིས་ལྷུན་པོ་སོགས་དགོན་པ་འགའ་ཞིག་གི་ཁྲིམས་དབྱུག་ནི་ཤིང་སྦ་དཀར་པོ་ལས་བཟོས་པའི་དབྱུག་པ་རིང་ཐུང་ཁྲུ་དོ་ཙམ་དང་སྦོམ་ཕྲ་རྟ་ལྕག་ཙམ་བྱས་པ་ཡོད།
- language:
- Tibetan