- khrims yig zhal lce bcu gsum
- ID:
- T225707
- ཁྲིམས་ཡིག་ཞལ་ལྕེ་བཅུ་གསུམ (Tibetan, Tibetan script, Original)
- > khrims yig zhal lce bcu gsum (Tibetan, Latin script, Transliteration-THL Extended Wylie Transliteration)
- > trim yik shyal ché chusum (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. dung dkar bod rig pa'i tshig mdzod chen mo
དེ་སྔོན་བོད་ས་གནས་སུ་དགའ་ལྡན་ཕོ་བྲང་གི་སྲིད་དབང་བཙུགས་རྗེས་ཏཱ་ལའི་བླ་མ་སྐུ་ཕྲེང་ལྔ་པས་སྡེ་སྲིད་བསོད་ནམས་ཆོས་འཕེལ་ལ་བཀའ་ཕབས་པ་ལྟར་གཏན་འབེབས་བྱས་པའི་ཁྲིམས་ཡིག་གི་མིང་སྟེ། ཁྲིམས་ཡིག་འདིར་དོན་ཚན་བཅུ་གསུམ་ཡོད་པ་ལས། ༡སྣེ་མོ་ལས་འཇིན་གྱི་ཞལ་ལྕེ། ༢ཞུ་བཞེས་བདེན་རྫུན་གྱི་ཞལ་ལྕེ། ༣་བཟུང་བཀྱིགས་ཁྲིམས་རའི་ཞལ་ལྕེ། ༤ནག་ཆེན་ཁྲག་སྦྱོར་གྱི་ཞལ་ལྕེ། ༥་དྲན་འ། ཛིན་ཆད་ལས་ཀྱི་ཞལ་ལྕེ། ༦ཧོར་འདྲ་ཟ་རྐང་གི་ཞལ་ལྕེ། ༧་བསད་པ་སྟོང་གི་ཞལ་ལྕེ། ༨རྨས་པ་ཁྲག་གི་ཞལ་ལྕེ། ༩བསྙོན་ཧམ་མནའ་དག་གི་ཞལ་ལྕེ། ༡༠བརྐུས་པ་འཇལ་གྱི་ཞལ་ལྕེ། ༡༡ཉེ་འབྲེལ་འབྲལ་བསྡུམས་ཀྱི་ཞལ་ལྕེ། ༡༢བྱི་བྱས་བྱི་རིན་གྱི་ཞལ་ལྕེ། ༡༣ནམ་ཕར་ཚུར་གྱི་ཞལ་ལྕེ་བཅས་ཡིན། <<སྔ་རབས་ཁྲིམས་སྲོལ་ཕྱོགས་བསྡུས>>ཤོག་གྲངས༡༤༦ནས༡༨༤བར་གསལ།
- language:
- Tibetan
2. Thupten Phuntsok Dictionary
དེ་སྔོན་བོད་ས་གནས་སུ་དགའ་ལྡན་ཕོ་བྲང་གི་སྲིད་དབང་བཙུགས་རྗེས་ཏཱ་ལའི་བླ་མ་སྐུ་ཕྲེང་ལྔ་པས་སྡེ་སྲིད་བསོད་ནམས་ཆོས་འཕེལ་ལ་བཀའ་ཕབས་པ་ལྟར་གཏན་འབེབས་བྱས་པའི་ཁྲིམས་ཡིག་གི་མིང་སྟེ། ཁྲིམས་ཡིག་འདིར་དོན་ཚན་བཅུ་གསུམ་ཡོད་པ་ལས། ༡ སྣེ་མོ་ལས་འཛིན་གྱི་ཞལ་ལྕེ། ༢ ཞུ་བཞེས་བདེན་རྫུན་གྱི་ཞལ་ལྕེ། ༣ བཟུང་བཀྱིགས་ཁྲིམས་རའི་ཞལ་ལྕེ། ༤ ནག་ཆེན་ཁྲག་སྦྱོར་གྱི་ཞལ་ལྕེ། ༥ དྲན་འཛིན་ཆད་ལས་ཀྱི་ཞལ་ལྕེ། ༦ ཧོར་འདྲ་ཟ་རྐང་གི་ཞལ་ལྕེ། ༧ བསད་པ་སྟོང་གི་ཞལ་ལྕེ། ༨ རྨས་པ་ཁྲག་གི་ཞལ་ལྕེ། ༩ བསྙོན་ཧམ་མནའ་དག་གི་ཞལ་ལྕེ། ༡༠ བརྐུས་པ་འཇལ་གྱི་ཞལ་ལྕེ། ༡༡ ཉེ་འབྲེལ་འབྲལ་བསྡུམས་ཀྱི་ཞལ་ལྕེ། ༡༢ བྱི་བྱས་བྱི་རིན་གྱི་ཞལ་ལྕེ། ༡༣ ནམ་ཕར་ཚུར་གྱི་ཞལ་ལྕེ་བཅས་ཡིན་ནོ།
- language:
- Tibetan