- khrims yig zhal lce bco lnga
- ID:
- T225708
- ཁྲིམས་ཡིག་ཞལ་ལྕེ་བཅོ་ལྔ (Tibetan, Tibetan script, Original)
- > khrims yig zhal lce bco lnga (Tibetan, Latin script, Transliteration-THL Extended Wylie Transliteration)
- > trim yik shyal ché cho nga (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. dung dkar bod rig pa'i tshig mdzod chen mo
ཁྲིམས་ཡིག་འདིར་རྩོམ་པ་པོའི་ཁ་བྱང་མི་གསལ་ཡང་ཚོད་དཔག་བྱས་ན་ཕག་གྲུའི་སྡེ་སྲིད་སྐབས་ཀྱི་ཁྲིམས་ཡིག་ཡིན་ནམ་སྙམ་པ་དང༌། འདིར་དོན་ཚན་བཅོ་ལྔ་ཡོད་པ་ལས། གཅིག ཁྲིམས་ཇི་ལྟར་བྱུང་བའི་ལོ་རྒྱུས། གཉིས། རྒྱལ་ཁྲིམས་བཅས་མ་བཅས་ཀྱི་ཕན་ཡོན་དང་ཉེས་དམིགས། གསུམ། བོད་དུ་རྒྱལ་ཁྲིམས་ནམ་གྱི་དུས་སུ་བྱུང་བ་བཅས་གླེང་གཞི་ཡིན། དངོས་གཞི་ཁྲིམས་ཡིག་བཤད་པ་ལས། ༡བསད་པ་སྟོང་གི་ཞལ་ལྕེ། ༢རྨས་པ་ཁྲག་གི་ཞལ་ལྕེ། ༣བརྐུས་པ་འཇལ་གྱི་ཞལ་ལྕེ། ༤བསྙོན་ཧམ་མནའ་དག་གི་ཞལ་ལྕེ། ༥བྱི་བྱས་བྱི་རིན་གྱི་ཞལ་ལྕེ། ༦བྱེ་བྲལ་མཐུན་བསྡེབས་ཀྱི་ཞལ་ལྕེ། ༧འགྲོས་འདོད་ལེ་ལན་གྱི་ཞལ་ལྕེ། ༨་དམའ་ཕབ་ཡུས་ཀྱི་ཞལ་ལྕེ། ༩སྤུངས་འདོད་ཆོང་གི་ཞལ་ལྕེ། ༡༠་ལྷག་ཆད་རྩིས་ཀྱི་ཞལ་ལྕེ། ༡༡་ལ་ཕར་རྒྱབ་ཀྱི་ཞལ་ལྕེ། ༡༢་ནམ་ཕར་ཚུར་གྱི་ཞལ་ལྕེ། ༡༣་དཔའ་བོ་སྟག་གི་ཞལ་ལྕེ། ༡༤སྡར་མ་ཝ་ཡི་ཞལ་ལྕེ། ༡༥་ཁྲིམས་འདེགས་བབས་སྨྱུག་གི་ཞལ་ལྕེ་བཅས་ཡིན། འདིར་འཁོད་པའི་ཁྲིམས་ཡིག་མི་ཉུང་བ་ཞིག་ཁྲིམས་ཡིག་གཞན་དག་ཏུ་མི་གསལ།
- language:
- Tibetan
2. Thupten Phuntsok Dictionary
ཁྲིམས་ཡིག་འདིར་རྩོམ་པ་པོའི་ཁ་བྱང་མི་གསལ་ཡང་ཚོད་དཔག་བྱས་ན་ཕག་གྲུའི་སྡེ་སྲིད་སྐབས་ཀྱི་ཁྲིམས་ཡིག་ཡིན་ནམ་སྙམ་པ་དང་། འདིར་དོན་ཚད་བཅོ་ལྔ་ཡོད་པ་ལས། གཅིག ཁྲིམས་ཇི་ལྟར་བྱུང་བའི་ལོ་རྒྱུས། གཉིས། རྒྱལ་ཁྲིམས་བཅས་མ་བཅས་ཀྱི་ཕན་ཡོན་དང་ཉེས་དམིགས། གསུམ། བོད་དུ་རྒྱལ་ཁྲིམས་ནམ་གྱི་དུས་སུ་བྱུང་བ་བཅས་གླེང་གཞི་ཡིན། དངོས་གཞི་ཁྲིམས་ཡིག་བཤད་པ་ལས། ༡ བསད་པ་སྟོང་གི་ཞལ་ལྕེ། ༢ རྨས་པ་ཁྲག་གི་ཞལ་ལྕེ། ༣ བརྐུས་པ་འཇལ་གྱི་ཞལ་ལྕེ། ༤ བསྙོན་ཧམ་མནའ་དག་གི་ཞལ་ལྕེ། ༥ བྱི་བྱས་བྱི་རིན་གྱི་ཞལ་ལྕེ། ༦ བྱེ་བྲལ་མཐུན་བསྡེབས་ཀྱི་ཞལ་ལྕེ། ༧ འགྲོས་འདོད་ལེ་ལན་གྱི་ཞལ་ལྕེ། ༨ དམའ་ཕབ་ཡུས་ཀྱི་ཞལ་ལྕེ། ༩ སྤུངས་འདོད་ཚོང་གི་ཞལ་ལྕེ། ༡༠ ལྷག་ཆད་རྩིས་ཀྱི་ཞལ་ལྕེ། ༡༡ ལ་ཕར་རྒྱབ་ཀྱི་ཞལ་ལྕེ། ༡༢ ནམ་ཕར་ཚུར་གྱི་ཞལ་ལྕེ། ༡༣ དཔའ་བོ་སྟག་གི་ཞལ་ལྕེ། ༡༤ སྡར་མ་ཝ་ཡི་ཞལ་ལྕེ། ༡༥ ཁྲིམས་འདེགས་བབས་རྨྱུག་གི་ཞལ་ལྕེ་བཅས་ཡིན། འདིར་འཁོད་པའི་ཁྲིམས་ཡིག་མི་ཉུང་བ་ཞིག་ཁྲིམས་ཡིག་གཞན་དག་ཏུ་མི་གསལ།
- language:
- Tibetan