- khro skyabs kyi rdzong
- ID:
- T225758
- ཁྲོ་སྐྱབས་ཀྱི་རྫོང (Tibetan, Tibetan script, Original)
- > khro skyabs kyi rdzong (Tibetan, Latin script, Transliteration-THL Extended Wylie Transliteration)
- > tro kyab kyi dzong (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. dung dkar bod rig pa'i tshig mdzod chen mo
ཆུ་ཆེན་(金川)རྒྱུད་རྒྱལ་མོ་རོང་གི༌སར་རྒྱལ་ཁག་བཅོ་བརྒྱད(༡་ལྕགས་ལ། ༢་ཝ་སི། ༣ཁྲོ་སྐྱབས། ༤སོ་མང༌། ༥་རྫིང་འགག ༦་ཙོག་རྩེ། ༧་དམ་པ། ༨་འོག་གཞི། ༩མདོ་ལི། ༡༠་པྲ་སྲི། ༡༡་པ་ཝམ། ༡༢དགེ་ཤིས་རྩ། ༡༣་ཧྭ་ཧྭ། ༡༤ལེན་ཙ། ༡༥་རབ་བརྟན། ༡༦་བཙན་ལྷ། ༡༧་རྒྱལ་ཁ། ༡༨་མགྲོན་དུ)ཡོད་པའི་ནང་ཚན་ཡིན། །ཐོག་མར་རྒྱལ་ས་གསུམ་གྱི་ཡང་མེས་ཁོ་འཕན་གྱི་རྗེས་ཙམ༌ལ་རྒྱལ་པོ་ཁྲོ་བོ་སྐྱབས་ཟེར་བ་ཞིག་བྱུང་བ་དེས་ས་གནས་འདིར་ཕོ་བྲང་གཙིགས་པས་ཁྲོ་སྐྱབས་ཞེས་ཐོགས། མི་རྒྱུད་བོན་པོའི་གྲུབ་ཐོབ་ཏུ་གྲགས་པ་མང་པོ་དང༌། རྒྱལ༌པོ་ཁྲོ་བོ་རྒྱལ་མཚན་ཞང་རྒྱལ་ཀུན་དགའ་ནོར་བུ་སོགས་བྱུང༌། ཁྲོ་སྐྱབས་ཐུགས་རྗེ་ཆེན་པོར་གྲགས་པ་སྤྱན་རས་གཟིགས་ཕྱག་བཞི་པའི་སྐུ་བརྙན་ཞིག་དང༌། དེ་ལ་བརྟེན་པའི་རི་ཁྲོད་པ་ཁ་ཤས་ལས་དགོན་པ་ཡོད་པའི་གཏམ་མ་ཐོས་ཞེས<<མདོ་སྨད་ཆོས་འབྱུང>>ལྕགས་དཔར་མ་ཤོག་གྲངས་༧༧༦ནང་དེར་འཁོད་འདུག
- language:
- Tibetan
2. Thupten Phuntsok Dictionary
ཆུ་ཆེན་རྒྱུད་རྒྱལ་མོ་རོང་གི་སར་རྒྱལ་ཁག་བཅོ་བརྒྱད (༡ ལྕགས་ལ། ༢ ཝ་སི། ༣ ཁྲོ་སྐྱབས། ༤ སོ་མང་། ༥ རྫིང་འགག ༦ ཅོག་རྩེ། ༧ དམ་པ། ༨ འོག་གཞི། ༩ མདོ་ལི། ༡༠ པྲ་སྲི། ༡༡ པ་ཝམ། ༡༢ དགེ་ཤིས་རྩ། ༡༣ ཧྭ་ཧྭ། ༡༤ ལེན་ཙ། ༡༥ རབ་བརྟན། ༡༦ བཙན་ལྷ། ༡༧ རྒྱལ་ཁ། ༡༨ མགྲོན་དུ) ཡོད་པའི་ནང་ཚན་ཡིན།
- language:
- Tibetan