Skip to main content Skip to search
khro phu byams chen
ID:
T225767
  • ཁྲོ་ཕུ་བྱམས་ཆེན (Tibetan, Tibetan script, Original)
    • > khro phu byams chen (Tibetan, Latin script, Transliteration-THL Extended Wylie Transliteration)
    • > tro pu jamchen (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. dung dkar bod rig pa'i tshig mdzod chen mo

ཁྲོ་ཕུལོ་ཙཱ་བབྱམསཔའི་དཔལ་གྱིས་དགུང་ལོ་སོ་གསུམ་པ་རབ་བྱུང་གསུམ་པའི་ཤིང་བྱི་(༡༢༠༤)ལོར་ཁ་ཆེ་པཎ་ཆེན་ཤཱཀྱ་ཤི་མཆོག་གྲོ་མོ་བརྒྱུད་ནས་བོད་དུ་གདན་དྲངས། ཁྲོ་ཕུར་བཞུགས་ནས་དབྱར་གནས་མཛད་རིང་རྒྱལ་བ་བྱམས་པའི་གསེར་སྐུ་འདི་ཐོག་མར་བཞེངས་པའི་དབུ་ཚུགས། ལོ་ངོ་དགུ་སོང་བ་རབ་བྱུང་བཞི་པའི་ཆུ་སྤྲེལ(༡༢༡༢)ལོར་ཡོངས་སུ་རྫོགས་པ་གྲུབ་ནས་ཁ་ཆེ་པཎ་ཆེན་སྐུ་དངོས་ཀྱིས་རབ་གནས་མཛད། སྐུ་ཚད་ལོ་ཙཱ་བ་རང་ཉིད་ཀྱི་ཕྱག་ཁྲུ་བརྒྱད་ཅུ་ཐམ་པ་སྟེ་འདོམ་ཉི་ཤུ་ཡོད། རྟེན་འདི་ལ་ཁྱད་དུ་འཕགས་པའི་ནང་རྟེན་བཅུ་གསུམ་ཡོད་ཚུལ་རེ་རེ་བཞིན་གྱི་ངོ་སྤྲོད་ནི། ཀ་ཐོག་སི་ཏུ་རིན་པོ་ཆེ་ཆོས་ཀྱི་རྒྱ་མཚོས་མཛད་པའི<<དབུས་གཙང་གནས་བསྐོར་ལམ་ཡིག>>སྡེ་དགེ་དཔར་མའི་ཤོག་གྲངས༢༣༩ནས༢༤;'བར་གསལ་ཞིང༌། འདིར་ཡིག་ཚོགས་ཆེ་བས་མ་བྲིས་སོ། །

language:
Tibetan

2. Thupten Phuntsok Dictionary

ཁྲོ་ཕུ་ལོ་ཙཱ་བ་བྱམས་པའི་དཔལ་གྱིས་དགུང་ལོ་སོ་གསུམ་པ་རབ་བྱུང་གསུམ་པའི་ཤིང་བྱི (༡༢༠༤) ལོར་ཁ་ཆེ་པཎ་ཤཱཀྱ་ཤྲི་མཆོག་གྲོ་མོ་བརྒྱུད་ནས་བོད་དུ་གདན་དྲངས། ཁྲོ་ཕུར་བཞུགས་ནས་དབྱར་གནས་མཛད་རིང་རྒྱལ་བ་བྱམས་པའི་གསེར་སྐུ་འདི་ཐོག་མར་བཞེངས་པའི་དབུ་ཚུགས།

language:
Tibetan