Skip to main content Skip to search
khro bo chas bcu'i dbang
ID:
T225771
  • ཁྲོ་བོ་ཆས་བཅུའི་དབང (Tibetan, Tibetan script, Original)
    • > khro bo chas bcu'i dbang (Tibetan, Latin script, Transliteration-THL Extended Wylie Transliteration)
    • > trowo ché chü wang (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. dung dkar bod rig pa'i tshig mdzod chen mo

གླང་ཆེན་ཀོ་རློན་མི་ལྤགས་གཡང་གཞི་དང༌། །སྟག་ལྤགས་ཤམ་ཐབས་དུར་ཁྲོད་གོས་གསུམ་དབང༌། །ཞག་གི་ཟོ་རིས་དུར་ཁྲོད་བྱུག་རྒྱན་གསུམ། །ཐོད་པའི་ཕྲེང་བ་སྦྲུལ་ཤུན་མེ་རིས་དབང༌། །རལ་པའི་ལྕང་ལོ་ཁྲོ་ཆས་བཅུའི་དབང༌། །འེས་སོ། །ཁྲོ་བོ་གཉིས། ཁྲོ་བོ་རྟ་མགྲིན་དང་བདུད་རྩི་འཁྱིལ་པ་གཉིས། ཁྲོ་བོ་རྟ་མགྲིན། འཕགས་པ་སྤྱན་རས་གཟིགས་ཁྲོ་བོའི་རྣམ་པར་བསྟན་པ་རྟ་མགྲིན་ལ་སྐུའི་རྣམ་འགྱུར་མི་འདྲ་བ་མང་པོ་ཡོད་པ<<སྒྲུབ་ཐབས་བརྒྱ་རྩ>>དང<<རིན་འབྱུང་བརྒྱ་རྩའི>>ནང་དུ་གསུངས་པ་ལྟ་བུ་ཡིན།

language:
Tibetan

2. Thupten Phuntsok Dictionary

གླང་ཆེན་ཀོ་རློན་མི་ལྤགས་གཡང་གཞི་དང་། །སྟག་ལྤགས་ཤམ་ཐབས་དུར་ཁྲོད་གོས་གསུམ་དབང་། །ཞག་གི་ཟོ་རིས་དུར་ཁྲོད་བྱུག་རྒྱན་གསུམ། །ཐོད་པའི་ཕྲེང་བ་སྦྲུལ་ཤུན་མེ་རིས་དབང་། །རལ་པའི་ལྕང་ལོ་ཁྲོ་ཆས་བཅུའི་དབང་། ། ཞེས་སོ། །

language:
Tibetan