- khro ru mkhan chen tshe rnam
- ID:
- T225782
- ཁྲོ་རུ་མཁན་ཆེན་ཚེ་རྣམ (Tibetan, Tibetan script, Original)
- > khro ru mkhan chen tshe rnam (Tibetan, Latin script, Transliteration-THL Extended Wylie Transliteration)
- > tro ru khenchen tsé nam (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. Thupten Phuntsok Dictionary
ཡབ་རིན་ཆེན་བསམ་འགྲུབ་དང་། ཡུམ་བཀྲ་ཤིས་སྒྲོལ་མའི་སྲས་སུ་རབ་བྱུང་བཅོ་ལྔ་པའི་མེ་སྟག་ (༡༩༢༦) ལོར་མདོ་སྨད་སྡེ་དགེ་འཇོ་མདའ་རྫོང་ཁྲོ་རུ་དགོན་གྱི་འདབས་ཞོལ་དུ་སྐུ་འཁྲུངས། མཚན་ཚེ་རིང་རྣམ་རྒྱལ་གསོལ། ཁྲོ་རུ་དགོན་དུ་སྒྲིག་ཞུགས་མཛད། ཨ་ཚེ་དཔལ་ལྡན་དྲུང་ནས་འབྲི་ཀློག་དང་དགོན་པའི་འདོན་ཆོག ཐིག་རྡུལ་ཚོན་སོགས་བསླབ། རྟ་མགྲིན་ནོར་བུ་དྲུང་ནས་སུམ་རྟགས་དང་ནག་རྩིས་གསན། དགུང་ལོ་བདུན་ཐོག་སི་ཏུ་པདྨ་དབང་མཆོག་རྒྱལ་པོ་ལས་དགེ་ཚུལ་གྱི་སྡོམ་པ་བཞེས། མཚན་ཀརྨ་བསོད་ནམས་དགེ་ལེགས་གསོལ། རྒྱ་གར་དུ་གནས་སྐོར་ཕེབས། འབྲུག་གྲོང་གསར་དགོན་གྱི་མཁན་པོའི་མདུན་ནས་སློབ་སྦྱོང་ལོ་གཅིག་བྱས། རྗེས་སུ་ཀཿཐོག་དགོན་དུ་སློབ་གཉེར་ལ་ཕེབས་ཅིང་མདོ་སྔགས་རིག་གནས་དང་བཅས་པ་གསན་སྦྱོང་མཛད། དགུང་ལོ་ཉི་ཤུ་ཕེབས་པ་ལ་ཀཿཐོག་མཁན་ཆེན་རྒྱལ་མཚན་འོད་ཟེར་གྱི་མདུན་ནས་བསྙེན་རྫོགས་ཀྱི་སྡོམ་པ་བཞེས། མཚན་ཀརྨ་བསོད་ནམས་མཆོག་ལྡན་གསོལ། མཁན་པོ་ནུས་ལྡན་གྱི་མདུན་ནས་ཐེག་ཆེན་སེམས་བསྐྱེད་ཀྱི་སྡོམ་པ་བཞེས། ཀཿཐོག་རིག་གནས་མཁས་ཆེན་རྟ་ཆུང་བླ་མ་ཚེ་རིང་ཆོས་འཕེལ་གྱི་མདུན་ནས་དངུལ་ཆུ་བཙོ་བཀྲུ་ཆེན་མོའི་ལག་ཁྲིད་ཞིབ་པར་བསླབས། ནང་ཆེན་རྒྱལ་པོའི་དབུ་བླ་མཁན་ཆེན་རྣམ་རྒྱལ་བཟང་པོའི་མདུན་ནས་སྒྲ་ཙཱནྡྲ་པ་ས་རིས་གོ་དོན་དང་བཅས་པ་མཐར་ཕྱིན་སྦྱངས། བརྡ་སྤྲོད་ཀུན་བཤད་ཀྱི་མཚན་དུ་ལེགས་བཤད་སྨྲ་བའི་ཟླ་བ་ཞེས་གསོལ། མཁན་པོ་བསོད་ནམས་དང་། འཇམ་དབྱངས་བསྟན་པའི་སྒྲོན་མེའི་མདུན་ནས་སྒྲ་ཀ་ལཱ་པ་དང་། དབྱངས་ཅན་སྒྲ་མདོ་གསན། ཀུན་བཤད་ཀྱི་མཚན་དུ་ཚངས་སྲས་དགྱེས་པའི་རང་མདངས་གཙུག་ལག་སྨྲ་བའི་སྡེ་ཞེས་གསོལ། ཀཿཐོག་སི་ཏུ་ཆོས་ཀྱི་ཉིན་བྱེད་ཀྱི་དྲུང་ནས་དུས་ཀྱི་འཁོར་ལོའི་དབང་དང་དགོངས་འདུས་སོགས་མང་པོ་གསན། གནམ་བླ་རིན་ཆེན་མདུན་ནས་རྫོགས་ཆེན་གྱི་ཆོས་སྐོར། དཔལ་སྤུངས་རྡོར་སློབ་རྟ་མགྲིན་མགོན་པོའི་མདུན་ནས་ཀརྨ་བཀའ་བརྒྱུད་ཀྱི་ཆོས་སྐོར་གསན། གཞན་ཡང་དཔལ་སྤུངས་མཁན་པོ་ཚུལ་ཁྲིམས་བཟང་པོ་དང་། འཇམ་དབྱངས་ཆོས་ཀྱི་བློ་གྲོས། དགེ་རྩེ་སྐུ་ཕྲེང་གསུམ་པ་འགྱུར་མེད་བསྟན་པ་རྣམ་རྒྱལ་དང་། སི་ཏུ་ཆོས་ཀྱི་ཉི་མ། མཁན་ཆེན་རྒྱལ་མཚན་འོད་ཟེར། མཆོག་སྤྲུལ་འཇམ་དབྱངས་བསྟན་པའི་སྒྲོན་མེ། མཁན་ཆེན་ཤེས་རབ་རབ་གསལ། མཁན་པོ་རྣམ་རྒྱལ་བཟང་པོ། རྟ་ཆུང་བླ་མ་ཚེ་རིང་ཆོས་འཕེལ་སོགས་དགེ་བའི་བཤེས་གཉེན་མང་པོ་ལ་བསྟེན་ནས་བཅུ་ཕྲག་རིག་གནས་ཐམས་ཅད་ལ་བསླབ། ཀཿཐོག་དགོན་གྱི་རྒྱུད་སྡེའི་བཤད་གྲྭའི་སྐྱོར་དཔོན་མཛད། ཀཿཐོག་རིག་གནས་སློབ་གྲྭའི་མཁན་པོ་མཛད། ཁྲོ་རུ་དགོན་གྱི་མཁན་པོ་མཛད་པས་ཁྲོ་རུ་མཁན་ཆེན་གྲགས། ༡༩༧༧ལོར་སྤོ་བོ་གདོང་ཆུར་སྤྱི་བདེ་ཅུས་སྨན་ཁང་དུ་བོད་ལུགས་སྨན་སྦྱོར་རྩ་འགང་ཆེ་ཤོས་དངུལ་ཆུ་བཙོ་བཀྲུ་ཆེན་མོའི་སྦྱོར་སྡེབ་བྱས། སྤྱི་ལོ་༡༩༧༩ལོར་སྡེ་དགེ་སྤར་ཁང་སྨན་ཁང་དང་། ༡༩༨༡ལོར་སྡེ་དགེ་བོད་སྨན་ཁང་དུཁོང་གི་མཛད་པའི་བཀའ་རྩོམ་ཡང་དབྱངས་ཅན་སྒྲ་མདོའི་འགྲེལ་པ་ཚིག་དོན་གསལ་བྱེད་སོགས་ཡོད། མཐར་སྤྱི་ལོ་༢༠༠༤ལོའི་ཟླ་བ༡༠པའི་ཚེས་༡༩ཉིན་སྐུ་གཤེགས།
- language:
- Tibetan