Skip to main content Skip to search
khrom ge sar
ID:
T225790
  • ཁྲོམ་གེ་སར (Tibetan, Tibetan script, Original)
    • > khrom ge sar (Tibetan, Latin script, Transliteration-THL Extended Wylie Transliteration)
    • > trom gesar (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. dung dkar bod rig pa'i tshig mdzod chen mo

འདི་སྐོར་ལ་ལོ་རྒྱུས་སྨྲ་བ་ཚོས་གསུང་ཚུལ་འདྲ་མིན་ཡོད། ༡་འགའ་ཞིག་གིས་ཁྲོམ་གེ་སར་རྒྱལ་པོ་དང་གེ་སར་དམག་གི་རྒྱལ་པོ་ཞེས་པ་གཉིས་མིང་མི་འདྲ་ཡང་དོན་གཅིག་སྟེ། སོག་པོ་ཇུན་གར་གྱི་མི་རྒྱུད་རྣམས་ཡིན་ཞེས་གསུངས། ༢་ཡང་འགའ་ཞིག་གིས་ཁྲོམ་གེ་སར་རྒྱལ་པོ་ནི་ཇུན་གར་གྱི་རྒྱལ་རྒྱུད་རྣམས་མིན་ཅིང༌། གེ་སར་དམག་གི་རྒྱལ་པོ་ནི་གྲུ་གུ་གེ་སར་ལ་ངོས་འཛིན་དགོས་པར་གསུངས། གང་ལྟར་དེ་གཉིས་ཀ་གླིང་གེ་སར་རྒྱལ་པོ་མིན་ཞེས་དགོངས་ཚུལ་མཐུན་པར་སྣང༌། དེའི་སྐོར་གཤམ་གྱི་གེ་སར་དམག་གི་རྒྱལ་པོ་ཞེས་པའི་འགྲེལ་བཤད་ལ་གཟིགས།

language:
Tibetan

2. Thupten Phuntsok Dictionary

དེང་དུས་ཡུ་གུ་ཡུལ་གྱི་བྱེ་བྲག་ཅིག་གི་དཔོན་ཞིག་ཡིན་པར་འདྲ།

language:
Tibetan