Skip to main content Skip to search
khrom tshang dgon
ID:
T225794
  • ཁྲོམ་ཚང་དགོན (Tibetan, Tibetan script, Original)
    • > khrom tshang dgon (Tibetan, Latin script, Transliteration-THL Extended Wylie Transliteration)
    • > trom tsang gön (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. Thupten Phuntsok Dictionary

དགོན་པ་འདི་ཐོག་མར་རབ་བྱུང་བདུན་པའི་ནང་ཙམ་ན་ཀུན་མཁྱེན་ཡེ་ཤེས་སྙིང་པོ་དང་། ཁྲོམ་རྗེ་ཉི་མ་ལེགས་ཆེན་གཉིས་ཀྱིས་བཏབ་པའི་དར་ལུང་དགོན་ཟེར་བ་དེ་ཡིན། དེ་རྗེས་སོག་པོ་ཇུན་གར་བས་གཏོར་ནས་ཧ་ལམ་རྩ་མེད་དུ་གྱུར། ཁྲོམ་བླ་རིམ་བྱོན་རྣམས་ཀྱིས་སྦྲ་དང་བྲག་ཕུག་ལ་བརྟེན་ནས་དུས་མཆོད་རྣམས་མ་ཆགས་པར་རྒྱུན་བསྐྱངས་ནས་ལོ་ངོ་བརྒྱ་ལྷག་ཙམ་ཕྱིན་རྗེས་སྨན་རིའི་མཁན་ཆེན་འགྲོ་མགོན་ཤེས་རབ་གཡུང་དྲུང་གནས་འདིར་ཕེབས་ནས་ཁྲོམ་དགོན་སླར་གསོ་བྱ་རྒྱུའི་ཐུགས་སྨོན་ཆེན་པོར་གནང་བ་དང་། ཁྲོམ་རྗེ་རྣམ་རྒྱལ་གྲགས་པས་དགོན་པ་སླར་གསོ་བྱ་རྒྱུའི་ཐུགས་འགན་བཞེས་ཏེ་རབ་བྱུང་བཅུ་བཞི་པའི་ཤིང་སྦྲུལ་སྤྱི་ལོ་༡༨༤༥ལོར་དགོན་པ་སླར་གསོ་བྱས། གྲུབ་མཐའ་བོན་པོ་ཡིན། ད་ལྟ་བོད་རང་སྐྱོང་ལྗོངས་ནག་ཆུ་ས་ཁུལ་སྦྲ་ཆེན་རྫོང་ཁོངས་སུ་ཡོད།

language:
Tibetan