- khrom zher chen po
- ID:
- T225795
- ཁྲོམ་ཞེར་ཆེན་པོ (Tibetan, Tibetan script, Original)
- > khrom zher chen po (Tibetan, Latin script, Transliteration-THL Extended Wylie Transliteration)
- > trom shyer chenpo (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. dung dkar bod rig pa'i tshig mdzod chen mo
དགེ་བཤེས་བྱ་ཡུལ་བའི་སློབ་མ་ཡིན། མཚན་ལ་འོད་ཟེར་སེང་གེ་ཟེར། རྟེན་སྔགས་པ་སྐྱ་བོ་ཡིན། རབ་བྱུང་གཉིས་པའི་ལྕགས་འབྲུག(༡༡༠༠)ལོར་འཆུམས་སུ་སྔགས་རྒྱུད་དུ་འཁྲུངས། ལྷ་བཙུན་བྱང་ཆུབ་འོད་ཀྱི་སློབ་མ་དབྱིག་ཐང་སྟོན་པ་དང༌། སྣ་ནམ་ཇོ་དཔལ་དགེ་བཤེས་བྱ་ཡུལ་བ་རྣམས་བླ་མར་བརྟེན། དགུང་ལོ་སོ་བརྒྱད་པ་རབ་བྱུང་གཉིས་པའི་མེ་སྦྲུལ(༡༡༣༧)ལོར་སྐམ་སྐམ་གྱི་གཙུག་ལག་ཁང་བཞེངས། གྲྭ་པ་ཉིས་བརྒྱ་ཙམ་འདུས། དགུང་ལོ་བདུན་ཅུ་དོན་གཅིག་པ་རབ་བྱུང་གསུམ་པའི་ལྕགས་སྟག(༡༡༧༠)ལོར་སྐུ་གཤེགས་ཞེས་<<དེབ་སྔོན>>ལས་གསུངས། དེ་མིན་ལོ་རྒྱུས་མ་རྙེད། (དེ་སྔོན་ཁོ་བོས་བྲིས་པའི<<དེབ་དམར་མཆན་འགྲེལ>>དུ་འདིའི་འཁྲུངས་འདས་ཀྱི་ལོ་དེ་ཁྲོམ་གཞེར་རིན་ཆེན་སེང་གེའི་འཁྲུངས་འདས་ཀྱི་ལོ་དང་ནོར་འདུག་པ་འདིར་ལེགས་བཅོས་བྱས་པ་ཡིན། གཞན་ཡང་དགེ་བཤེས་ཁྲོམ་ཞེར་བ་རིན་ཆེན་སེང་གེ་ལ་ཡང་ཁྲོམ་ཞེར་ཆེན་པོ་ཞེས་ཞུ་སྲོལ་ཡོད་ཅིང(རབ་བྱུང་གསུམ་པའི་ཆུ་ལུག༡༡༦༣ལོ་ནས་རབ་བྱུང་བཞི་པའི་ལྕགས་འབྲུག་༡༢༢༠ལོ་བར)ལོ་རྒྱུས་ཞིབ་ཆ་ད་ཕན་མ་མཐོང༌།
- language:
- Tibetan
2. Thupten Phuntsok Dictionary
དགེ་བཤེས་བྱ་ཡུལ་བའི་སློབ་མ་ཡིན། མཚན་ལ་འོད་ཟེར་སེང་གེ་ཟེར། རྟེན་སྔགས་པ་སྐྱ་བོ་ཡིན། རབ་བྱུང་གཉིས་པའི་ལྕགས་འབྲུག (༡༡༠༠) ལོར་འཆུམས་སུ་སྔགས་རྒྱུད་དུ་འཁྲུངས། གཞན་ཡང་དགེ་བཤེས་ཁྲོམ་ཞེར་བ་རིན་ཆེན་སེང་གེ་ལ་ཡང་ཁྲོམ་ཞེར་ཆེན་པོ་ཞེས་ཞུ་སྲོལ་ཡོད་ཅིང་།
- language:
- Tibetan