Skip to main content Skip to search
mkhan chen kun dga' rgyal mtshan
ID:
T225804
  • མཁན་ཆེན་ཀུན་དགའ་རྒྱལ་མཚན (Tibetan, Tibetan script, Original)
    • > mkhan chen kun dga' rgyal mtshan (Tibetan, Latin script, Transliteration-THL Extended Wylie Transliteration)
    • > khenchen kün ga gyaltsen (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. dung dkar bod rig pa'i tshig mdzod chen mo

(སྣར་ཐང་གི་མཁན་རབས་བཅུ་གསུམ་པ་ཡིན)ཆུ་སྒོའི་ལུང་དུ་གྲོ་ཡི་རིགས་སུ་རབ་བྱུང་དྲུཀ་པའི་ས་སྟག(༡༣༣༨)ལོར་འཁྲུངས། མཆིམས་བློ་བཟང་གྲགས་པའི་དྲུང་ནས་བཀའ་གདམས་ཀྱི་ཆོས་སྐོར་ཆ་ཚང་བར་གསན། རབ་བྱུང་དྲུག་པའི་ཤིང་ཡོས(༡༣༧༥)ལོར་སྣར་ཐང་གི་མཁན་པོའི་ཁྲིར་ཕེབས་ནས་ལོ་བཅུ་བཞིའི་བར་བསྐྱངས། དགུང་ལོ་རེ་བཞི་པ་རབ་བྱུང་བདུན་པའི་ལྕགས་སྦྲུལ(༡༤༠༡)ལོར་སྐུ་གཤེགས་ཞེས<<སྣར་ཐང་གདན་རབས>>སུ་གསལ། མཁན་ཆེན་འདིས་མཛད་པའི<<བསླབ་བཏུས་ཀྱི་འགྲེལ་པ>>སོགས་ཡོད། ལོ་རྒྱུས་མདོར་བསྡུས་ཤིག་ལས་ཆེན་ཀུན་དགའ་རྒྱལ་མཚན་གྱིས་མཛད་པའི<<བཀའ་གདམས་ཆོས་འབྱུང་ཆེན་མོ>>ཤིང་དཔར་མའི་གྲངས༢༥༦ནས་གྲངས༢༥༧བར་གསལ།

language:
Tibetan

2. Thupten Phuntsok Dictionary

(སྣར་ཐང་གི་མཁན་རབས་བཅུ་གསུམ་པ་ཡིན) ཆུ་སྒོའི་ལུང་དུ་གྲོ་ཡི་རིགས་སུ་རབ་བྱུང་དྲུག་པའི་ས་སྟག (༡༣༣༨) ལོར་འཁྲུངས། རབ་བྱུང་བདུན་པའི་ལྕགས་སྦྲུལ (༡༤༠༡) ལོར་སྐུ་གཤེགས།

language:
Tibetan

3. gangs can mkhas grub rim byon ming mdzod

ཁོང་ནི་རབ་བྱུང་དྲུག་པའི་ས་ཕོ་སྟག་ལོ་སྟེ་སྤྱི་ལོ 1338 ལོར་ཆུ་སྒོའི་ཁུང་བྱ་བར་གྲོའི་རིགས་སུ་སྐུ་འཁྲུངས། རབ་བྱུང་བདུན་པའི་ལྕགས་ཕོ་འབྲུག་ལོ་སྟེ་སྤྱི་ལོ 1401 ལོར་སྐུ་གཤེགས། ཁོང་གིས་མཆིམས་བློ་བཟང་གྲགས་པ་ལས་བཀའ་གདམས་ཀྱི་གདམ་པ་རྣམས་རྫོགས་པར་གསན། དཀའ་བཅུ་པ་གཞོན་ནུ་སེར་གེ་ལས་ཀྱང་གདམ་པ་གཞན་དག་མང་པོ་གསན། རབ་བྱུང་དྲུག་པའི་ཤིང་མོ་ཡོས་ལོ་སྟེ་སྤྱི་ལོ 1375 ལོར་སྣར་ཐང་གི་གདན་སར་ཕེབས། ལོ་ངོ་ཉེར་བདུན་གྱི་བར་དུ་གདན་ས་བསྐྱངས་སོ། ཁོང་གིས《སློབ་བཏུས་ཀྱི་ཊིཀྐ》ལ་སོགས་པའི་རྩོམ་པ་མང་པོར་མཛད། རྗེ་བཙུན་བློ་བཟང་གྲགས་པས་ཀྱང་ཞབས་ལ་གཏུགས། མཁན་ཆེན་བློ་བཟང་གྲགས་[198]པའི་གཅུང་པོ་ཆེ་བ་སྙན་གྲགས་བཟང་པོས་ཉེ་གནས་ཆེན་པོའི་གོ་སར་བཞུགས་ནས་བསྟན་པའི་ཞབས་ཏོག་དུ་མ་མཛད་ཅིང་། ཁྱད་པར་དུ་དཀར་ཕུགས་ལ་སོ་ནམ་མཛད་ནས་ནང་དུ་གནས་བརྟན་ལྷ་ཁང་དང་། མཁན་ཆེན་བློ་བཟང་གྲགས་པའི་ཕྱིའི་རྟེན་བཀྲ་ཤིས་སྒོ་མང་གི་མཆོད་རྟེན་ཆེན་པོ་དང་། ཕྱིའི་ལྕགས་རི་ཆེན་མོ་གྱང་རིམ་པ་བཅུ་བཞི་ཡོད་པ་དེ་ཡང་བཞེངས་པར་མཛད་དོ། །ཁོང་ནི་དཔལ་སྣར་ཐང་དགོན་པའི་གདན་རབས་བཅུ་གསུམ་པ་ཡིན།།

language:
Tibetan