- mkhan chen gu ra ba
- ID:
- T225806
- མཁན་ཆེན་གུ་ར་བ (Tibetan, Tibetan script, Original)
- > mkhan chen gu ra ba (Tibetan, Latin script, Transliteration-THL Extended Wylie Transliteration)
- > khenchen gu rawa (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. dung dkar bod rig pa'i tshig mdzod chen mo
དབུས་སྟོད་གུ་ར་བའི་གནས་གའི་བཟུང་ནས་མཁན་པོའི་བྱ་བ་མཛད་པས་མཁན་ཆེན་གུར་བ་ཞེས་ཐོགས། མཚན་དངོས་ཚུལ་ཁྲིམས་རྡོ་རྗེ་ཞེས་ཞུ། །འབྲི་གུང་གི་གདན་རབས་དང་པོ་ཡིན། རབ་བྱུང་གསུམ་པའི་ཤིང་ཁྱི(༡༡༥༤)ལོར་སེའུ་གངས་དཀར་མོར་ཡབ་སུམ་པ་རྡོ་རྗེ་དཔལ་གྱི་སྲས་སུ་འཁྲུངས། སྐུ་ཚད་ཆེར་བསྐྱེད་པའི་དུས་འདུལ་འཛིན་གྲོག་མཁར་གཙང་སྟོན་གྱི་དྲུང་ནས་རབ་བྱུང་གི་སྡོམ་པ་ཞུས། མཚན་ལ་ཚུལ་ཁྲིམས༌རྡོ་རྗེར་གསོལ་ཞིང༌། ལོ་ཤས་རིང་མཁན་པོ་དེ་ཉིད་ཀྱི་དྲུང་དུ་བཞུགས་ནས་འདུལ་བ་ལ་མཁས་པར་སྦྱངས། དེ་ནས་སྟོད་ལུང་དུ་འདུལ་འཛིན་ཐག་མ་བའི་དྲུང་ནས་བསྙེན་རྫོགས་ཀྱི་སྡོམ་པ་བཞེས་ཏེ་སླར་ཡང་འདུལ་བའི་སྐོར་ལ་སྦྱངས་པ་མཐར་ཕྱིན་པ་མཛད། དབུས་སྟོད་དུ་གུ་རའི་གནས་གའི་བཟུང་ནས་མཁན་པོའི་བྱ་བ་མཛད། དགུང་ལོ་ཞེ་དྲུག་པ་ས་ལུག(༡༡༩༩)ལ་འབྲི་གུང་སྐྱོབ་པ་རིན་པོ་ཆེ་མཇལ་ནས་སློབ་མའི་གཙོ་བོར་གྱུར་ཏེ་གདམས་པ་ཆ་ཚང་བ་གནང་ཞིང༌། ལོ་མང་རིང་འབྲི་གུང་གི་མཁན་པོ་མཛད། དགུང་ལོ་རེ་བཞི་པ་མེ་གླང(༡༢༡༧)ལོར་སྐྱོབ་པ་རིན་པོ་ཆེ་དགོངས་པ་མྱ་ངན་ལས་འདའ་ཁར་ཞལ་ཆེམས་སུ་ང་འདས་ནས་ལོ་གསུམ་གྱི་རིང་ཚོགས་པ་སྐྱོང་ལ། དེ་ནས་དབོན་རིན་པོ་ཆེ་ལ་གདན་ས་གཏོད་གསུངས་པ་ལྟར་ལོ་གསུམ་རིང་གདན་ས་མཛད། དེ་ནས་དབོན་རིན་པོ་ཆེ་བསོད་ནམས་གྲགས་པ་གདན་སར་བསྐོས་ནས། དགུང་ལོ་རེ་བདུན་པ་རབ་བྱུང་བའི་པའི་ལྕགས་འབྲུག(༡༢༢༠)ལོར་སྐུ་གཤེགས། རྣམ་ཐར་མདོར་བསྡུས་ཤིག་འབྲི་གུང་གདན་རབས་ཉེར་བརྒྱད་པ་བསྟན་འཛིན་པད་མའི་རྒྱལ་མཚན་གྱིས་མཛད་པའི<<འབྲི་གུང་ཆོས་འབྱུང>>ལྕགས་དཔར་མའི་ཤོག་གྲངས༡༠༦ནས༡༠༨བར་གསལ།
- language:
- Tibetan
2. Thupten Phuntsok Dictionary
དབུས་སྟོད་གུ་ར་བའི་གནས་གཞི་བཟུང་ནས་མཁན་པོའི་བྱ་བ་མཛད་པས་མཁན་ཆེན་གུ་ར་བ་ཞེས་ཐོགས། མཚན་དངོས་ཚུལ་ཁྲིམས་རྡོ་རྗེ་ཞེས་ཞུ། འབྲི་གུང་གི་གདན་རབས་དང་པོ་ཡིན། རབ་བྱུང་གསུམ་པའི་ཤིང་ཁྱི (༡༡༥༤) ལོར་སེའུ་གངས་དཀར་མོར་ཡབ་སུམ་པ་རད་རྗེ་དཔལ་གྱི་སྲས་སུ་འཁྲུངས། སྐུ་ཚད་ཆེར་བསྐྱེད་པའི་དུས་འདུལ་འཛིན་གྲོག་མཁར་གཙང་སྟོན་གྱི་དྲུང་ནས་རབ་བྱུང་གི་སྡོམ་པ་ཞུས། མཚན་ལ་ཚུལ་ཁྲིམས་རྡོ་རྗེར་གསོལ་ཞིང་། ལོ་ཤས་རིང་མཁན་པོ་དེ་ཉིད་ཀྱི་དྲུང་དུ་བཞུགས་ནས་འདུལ་བ་ལ་མཁས་པར་སྦྱངས། དེ་ནས་སྟོད་ལུང་དུ་འདུལ་འཛིན་ཐག་མ་བའི་དྲུང་ནས་བསྙེན་རྫོགས་ཀྱི་སྡོམ་པ་བཞེས་ཏེ་སླར་ཡང་འདུལ་བའི་སྐོར་ལ་སྦྱངས་པ་མཐར་ཕྱིན་པ་མཛད། དབུས་སྟོད་དུ་གུ་རའི་གནས་གཞི་བཟུང་ནས་མཁན་པོའི་བྱ་བ་མཛད། དགུང་ལོ་ཞེ་དྲུག་པ་ས་ལུག (༡༡༩༩) ལ་འབྲི་གུང་སྐྱོབ་པ་རིན་པོ་ཆེ་མཇལ་ནས་སློབ་མའི་གཙོ་བོར་གྱུར་ཏེ་གདམས་པ་ཆ་ཚང་བ་གནང་ཞིང་། ལོ་མང་རིང་འབྲི་གུང་གི་མཁན་པོ་མཛད། དགུང་ལོ་རེ་བཞི་པ་མེ་གླང (༡༢༡༧) ལོར་སྐྱོབ་པ་རིན་པོ་ཆེ་དགོངས་པ་མྱ་ངན་ལས་འདའ་ཁར་ཞལ་ཆེམས་སུ་ང་འདས་ནས་ལོ་གསུམ་གྱི་རིང་ཚོགས་པ་སྐྱོང་ལ། དེ་ནས་དབོན་རིན་པོ་ཆེ་ལ་གདན་ས་གཏོད་གསུངས་པ་ལྟར་ལོ་གསུམ་རིང་གདན་ས་མཛད། དེ་ནས་དབོན་རིན་པོ་ཆེ་བསོད་ནམས་གྲགས་པ་གདན་སར་བསྐོས་ནས། དགུང་ལོ་རེ་བདུན་པ་རབ་བྱུང་བཞི་པའི་ལྕགས་འབྲུག (༡༢༢༠) ལོར་སྐུ་གཤེགས།
- language:
- Tibetan