Skip to main content Skip to search
mkhan chen grags pa don grub
ID:
T225807
  • མཁན་ཆེན་གྲགས་པ་དོན་གྲུབ (Tibetan, Tibetan script, Original)
    • > mkhan chen grags pa don grub (Tibetan, Latin script, Transliteration-THL Extended Wylie Transliteration)
    • > khenchen drakpa döndrub (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. dung dkar bod rig pa'i tshig mdzod chen mo

(སྣར་ཐང་གི་མཁན་རབས་བཅུ་དྲུག་པ་ཡིན)གན་རྩའི་གྲོང་དུ་རབ་བྱུང་དྲུག་པའི་མེ་སྦྲུལ(༡༣༧༧)ལོར་འཁྲུངས། རུས་ནི་གྲོ་ལ་ཚོ་བ་བཞི་ཡོད་པའི་འབྲོག་ཚོ་ཡིན། གཞོན་ནུ་ནས་སྐུ་ཤིན་ཏུ་བཙུན་ཞིང་མཁན་ཆེན་གྲུབ་པ་ཤེས་རབ་ལས་བཀའ་གདམས་ཀྱི་མན་ངག་མཐའ་དག་ཚང་བར་གསན། མཁན་རབས་གོང་མ་མཁན་ཆེན་བསོད་ནམས་མཆོག་གྲུབ་དང་ཉེ་གནས་ཐུགས་མ་མཐུན་པའི་དབང་གིས་མ་བཞུགས་པར་དབུས་སུ་ཕེབས་ནས་རྗེས་སུ་སླར་བྱོན་ན་ཡང་ཉེ་གནས་པས་འགོག་རྐྱེན་བྱས་པར་བརྟེན། མཁན་ཆེན་གྱི་གཅུང་པོ་དང་ཉེ་གནས་བར་འཐབ་རྩོད་དང་ཤི་རྨས་བྱུང་བ་སོགས་ལ་བརྟེན། ལོ་བཞིའི་རིང་གདན་ས་བར་སྟོང་བྱུང་ཞིང༌། དགུང་ལོ་རེ་གཉིས་པ་རབ་བྱུང་བདུན་པའི་ས་རྟ(༡༤༣༨)ལོར་མཁན་པོའི་ཁྲིར་ཕེབས་ནས་ལོ་སུམ་ཅུའི་བར་བསྐྱངས། དགུང་ལོ་གོ་གཅིག་པ་རབ་བྱུང་བརྒྱད་པའི་མེ་ཕག་(༡༤༦༧)ལོར་སྐུ་གཤེགས།

language:
Tibetan

2. Thupten Phuntsok Dictionary

(སྣ་ཐང་གི་མཁན་རབས་བཅུ་དྲུག་པ་ཡིན) གན་རྩའི་གྲོང་དུ་རབ་བྱུང་དྲུག་པའི་མེ་སྦྲུལ (༡༣༧༧) ལོར་འཁྲུངས། རུས་ནི་གྲོ་ལ་ཚོ་བ་བཞི་ཡོད་པའི་འབྲོག་ཚོ་ཡིན། གཞོན་ནུ་ནས་སྐུ་ཤིན་ཏུ་བཙུན་ཞིང་མཁན་ཆེན་གྲུབ་པ་ཤེས་རབ་ལས་བཀའ་གདམས་ཀྱི་མན་ངག་མཐའ་དག་ཚང་བར་གསན། མཁན་རབས་གོང་མ་མཁན་ཆེན་བསོད་ནམས་མཆོག་གྲུབ་དང་ཉེ་གནས་ཐུགས་མ་མཐུན་པའི་དབང་གིས་མ་བཞུགས་པར་དབུས་སུ་ཕེབས་ནས་རྗེས་སུ་སླར་བྱོན་ན་ཡང་ཉེ་གནས་པས་འགོག་རྐྱེན་བྱས་པར་བརྟེན། མཁན་ཆེན་གྱི་གཅུང་པོ་དང་ཉེ་གནས་བར་འཐབ་རྩོད་དང་ཤི་རྨས་བྱུང་བ་སོགས་ལ་བརྟེན། ལོ་བཞིའི་རིང་གདན་ས་བར་སྟོང་བྱུང་ཞིང་། དགུང་ལོ་རེ་གཉིས་པ་རབ་བྱུང་བདུན་པའི་ས་རྟ (༡༤༣༨) ལོར་མཁན་པོའི་ཁྲིར་ཕེབས་ནས་ལོ་སུམ་ཅུའི་བར་བསྐྱངས། དགུང་ལོ་གོ་གཅིག་པ་རབ་བྱུང་བརྒྱད་པའི་མེ་ཕག (༡༤༦༧) ལོ་སྐུ་གཤེགས།

language:
Tibetan