Skip to main content Skip to search
mkhan chen grags pa gzhon nu
ID:
T225809
  • མཁན་ཆེན་གྲགས་པ་གཞོན་ནུ (Tibetan, Tibetan script, Original)
    • > mkhan chen grags pa gzhon nu (Tibetan, Latin script, Transliteration-THL Extended Wylie Transliteration)
    • > khenchen drakpa shyönnu (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. dung dkar bod rig pa'i tshig mdzod chen mo

ཚོགས་ཆོས་ལུང་པའི་མཁན་པོ་མཛད་པས་མཁན་ཆེན་ཞེས་ཞུ་ཞིང༌། མཚན་དངོས་གྲགས་པ་གཞོན་ནུ་ཡིན། ལྷ་སའི་ཤར་ཕྱོགས་དབུས་སྟོད་ཀྱི་ལྷ་ལྕང་རི་མོ་ཅན་ཞེས་པའི་གྲོང་གྱང་གསར་དུ་རབ་བྱུང་བཞི་པའི་མེ་སྦྲུལ(༡༢༥༧)ལོར་འཁྲུངས། བཀའ་གདམས་ཀྱི་དགེ་བཤེས་ཁམས་ལུང་པ་ལ་གཏུགས། མཁན་པོ་གྲགས་པ་འབུམ་གྱི་དྲུང་ནས་རབ་བྱུང་ཞུས་ཏེ་མཚན་ལ་གྲགས་པ་གཞོན་ནུ་ཞེས་གསོལ། དགུང་ལོ་བཅུ་དགུ་པ་རབ་བྱུང་ལྔ་པའི་ཤིང་ཕག(༡༢༧༥)ལོར་རོང་གཡག་སྡེའི་དབང་པོ་ཞེས་པར་མཁན་ཆེན་བདེ་བ་དཔལ་གྱིས་མཁན་པོ་དང་སློབ་དཔོན་ཐུགས་རྗེ་དཔལ་བཟང་གིས་ལས་ཀྱི་སློབ་དཔོན་མཛད་དེ་བསྙེན་རྫོགས་ཞུས། མཁན་ཆེན་པའི་དྲུང་ནས<<ཕར་ཕྱིན>>དང<<སྤྱོད་འཇུག>><<བློ་སྦྱོང>>སོགས་མདོ་སྔགས་ཀྱི་ཆོས་མང་པོ་གསན། ཟུལ་ཕུའི་མཁན་ཆེན་ཆོས་གྲགས་རིན་ཆེན་དང༌། ཁྲོ་ཕུའི་སློབ་དཔོན་གཞོན་ནུ་མཛེས་པ། མཁན་པོ་ཡོན་ཏན་འབུམ། གཡག་སྡེ་ལོ་ཙཱ་བ་བསོད་ནམས་སེང་གེ། རོང་པ་ཤེས་རབ་སེང་གེ། སྲོན་པ་ཀུན་དགའ་རྒྱལ་མཚན། གྲུབ་ཐོབ་འདར་འཕྱར་སོགས་བླ་མ་མང་པོ་བསྟེན་ནས་མངོན་པ་གོང་འོག་དང༌། ཚད་མ། འདུལ་བ། གསང་སྔགས་ཀྱི་སྐོར་སོགས་གསན་པ་རྒྱ་ཆེར་མཛད། དགུང་ལོ་སོ་བརྒྱད་པ་ཤིང་རྟ(༡༢༩༤)ལོར་ཚོགས་ཆོས་ལུང་པའི་མཁན་པོ་མཛད་ཅིང༌། རྗེས་སུ་ཞ་ལུ་དགོན་པའི་མཁན་པོ་ཡང་མཛད། དགུང་ལོ་ང་དྲུག་པ་ཆུ་བྱི(༡༣༡༢)ལོར་ཚོང་འདུས་མགུར་མོའི་བླ་བྲང་ཤར་དུ་ཀུན་མཁྱེན་བུ་སྟོན་རིན་པོ་ཆེ་ལ་བསྙེན་རྫོགས་ཀྱི་སྡོམ་པ་གནང༌། ཞ་ལུའི་མཁན་པོ་མཛད་རིང༌། གཞུང་ཆེན་པོ་ལྔའི་དཔེ་ཁྲིད་དང་མདོ་སྔགས་ཀྱི་ཆོས་མང་པོ་རྒྱུན་མི་ཆད་པར་གནང་བས་སློབ་མ་མཁས་གྲགས་ཅན་མང་དུ་ཐོན། དགུང་ལོ་ང་དགུ་པ་རབ་བྱུང་ལྔ་པའི་ཤིང་ཡོས(༡༣༡༥)ལོར་སྐུ་གཤེགས། བུ་སྟོན་རིན་པོ་ཆེས་གཙོ་བོར་མཛད་པའི་དགེ་སློང་སྣམ་སྦྱར་བཞེས་པ་ཉིས་བརྒྱ་ལྷག་ཙམ་གྱི་སྐུ་གདུང་ཚོང་འདུས་ཀྱི་གྲོང་ཁྱེར་དང་ཁད་ཉེ་བར་གདན་དྲངས། དེར་ཞུགས་འབུལ་ཞུས་པས་རྟེན་ངོ་མཚར་ཅན་མང་པོ་ཕེབས་པ་རྣ་མས་ཚོང་འདུས་སུ་མཆོད་རྟེན་བཞེངས་པའི་ནང་དུ་བཞུགས། རྣམ་ཐར་སྐོར་ལས་ཆེན་ཀུན་དགའ་རྒྱལ་མཚན་གྱིས་མཛད་པའི<<བཀའ་གདམས་ཆོས་འབྱུང་མཁས་པའི་ཡིད་འཕྲོག>>འབྲས་སྤུངས་དཔར་མའི་ཤོག་གྲངས༢༤༤ནས༢༩༥བར་དང༌། ཞ་ལུ་མཁན་ཆེན་བློ་གསལ་བསྟན་སྐྱོང་གིས་མཛད་པའི<<ཞ་ལུའི་ཆོས་འབྱུང>>ཤིང་དཔར་མའི་ཤོག་གྲངས༡༨༡ནས༡༨༣བར་གསལ་ལོ། །

language:
Tibetan

2. Thupten Phuntsok Dictionary

ཚོགས་ཆོས་ལུང་པའི་མཁན་པོ་མཛད་པས་མཁན་ཆེན་ཞེས་ཞུ་ཞིང་། མཚན་དངོས་གྲགས་པ་གཞོན་ནུ་ཡིན། ལྷ་སའི་ཤར་ཕྱོགས་དབུས་སྟོད་ཀྱི་ལྷ་ལྕང་རི་མོ་ཅན་ཞེས་པའི་གྲོང་གྱང་གསར་དུ་རབ་བྱུང་བཞི་པའི་མེ་སྦྲུལ (༡༢༥༧) ལོར་འཁྲུངས། དགུང་ལོ་ང་དགུ་པ་རབ་བྱུང་ལྔ་པའི་ཤིང་ཡོས (༡༣༡༥) ལོར་སྐུ་གཤེགས།

language:
Tibetan