Skip to main content Skip to search
mkhan chen grags pa shes rab
ID:
T225810
  • མཁན་ཆེན་གྲགས་པ་ཤེས་རབ (Tibetan, Tibetan script, Original)
    • > mkhan chen grags pa shes rab (Tibetan, Latin script, Transliteration-THL Extended Wylie Transliteration)
    • > khenchen drakpa sherab (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. dung dkar bod rig pa'i tshig mdzod chen mo

(སྣར་ཐང་གི་མཁན་རབས་བཅུ་གཅིག་པ་ཡིན)མཁན་ཆེན་གྲགས་པ་ཤེས་རབ་སྔ་རྗེས་གཉིས་བྱུང་བའི་སྔ་མ་ཡིན། མཁན་ཆེན་གྲགས་པ་བརྩོན་འགྲུས་ཀྱི་གཅུང་དུ་རབ་བྱུང་བཞི་པའི་ས་ལུག་(༡༢༥༩)ལོར་འཁྲུངས། མཆིམས་ནམ་མཁའ་གྲགས་དང་མཁན་ཆེན་གྲགས་པ་བརྩོན་འགྲུས་བླ་མར་བསྟེན་ནས་བཀའ་གདམས་ཀྱི་ཆོས་སྐོར་མན་ངག་རྣམས་ཆ་ཚང་བར་གསན། མཁན་ཆེན་གྲགས་པ་བརྩོན་འགྲུས་སྐུ་གཤེགས་པའི་ལོ་དེ་ནས་སྣར་ཐང་གི་མཁན་པོ་མཛད་དེ་ལོ་བཅུ་གཅིག་བར་བསྐྱངས། དགུང་ལོ་རེ་བདུན་པ་རབ་བྱུང་ལྔ་པའི་ཤིང་གླང(༡༢༦༥)ལོར་སྐུ་གཤེགས། རྣམ་ཐར་ལོ་རྒྱུས་ཞིབ་པ་ད་ཕན་མ་རྙེད།

language:
Tibetan

2. Thupten Phuntsok Dictionary

(སྣར་ཐང་གི་མཁན་རབས་བཅུ་གཅིག་པ་ཡིན) མཁན་ཆེན་གྲགས་པ་ཤེས་རབ་སྔ་རྗེས་གཉིས་བྱུང་བའི་སྔ་མ་ཡིན། མཁན་ཆེན་གྲགས་པ་བརྩོན་འགྲུས་ཀྱི་གཅུང་དུ་རབ་བྱུང་བཞི་པའི་ས་ལུག (༡༢༥༩) ལོར་འཁྲུངས། མཆིམས་ནམ་མཁའ་གྲགས་དང་མཁན་ཆེན་གྲགས་པ་བརྩོན་འགྲུས་བླ་མར་བསྟེན་ནས་བཀའ་གདམས་ཀྱི་ཆོས་སྐོར་མན་ངག་རྣམས་ཆ་ཚང་བར་གསན། མཁན་ཆེན་གྲགས་པ་བརྩོན་འགྲུས་སྐུ་གཤེགས་པའི་ལོ་དེ་ནས་སྣར་ཐང་གི་མཁན་པོ་མཛད་དེ་ལོ་བཅུ་གཅིག་བར་བསྐྱངས། དགུང་ལོ་རེ་བདུན་པ་རབ་བྱུང་ལྔ་པའི་ཤིང་གླང (༡༢༤༥) ལོར་སྐུ་གཤེགས།

language:
Tibetan

3. gangs can mkhas grub rim byon ming mdzod

ཁོང་ནི་རབ་བྱུང་བཞི་པའི་ས་མོ་ལུག་ལོ་སྟེ་སྤྱི་ལོ 1259 ལོར་སྐུ་འཁྲུངས། རབ་བྱུང་ལྔ་པའི་ཤིང་མོ་གླང་ལོ་སྟེ་སྤྱི་ལོ 1325 ལོར་སྐུ་གཤེགས། ཁོང་གིས་མཆིམས་ནམ་མཁའ་གྲགས་པ་དང་འདུལ་འཛིན་གྲགས་པ་བརྩོན་འགྲུས་སོགས་སློབ་དཔོན་དུ་བསྟེན་ནས་བཀའ་གདམས་ཀྱི་གཞུང་ལུགས་མན་ངག་ཐམས་ཅད་མཐར་ཕྱིན་པ་གསན་ནས་མཁས་པའི་གྲགས་པ་ཐོབ། སྣར་ཐང་གི་གདན་ས་ལོ་ངོ་བཅུ་གཅིག་རིང་དུ་བསྐྱངས་སོ། ཁོང་གི་གདུང་རྟེན་ནི་གདན་ས་གོང་མའི་ནུབ་ན་བཞུགས་སོ། ཁོང་ནི་དཔལ་སྣར་ཐང་དགོན་པའི་གདན་རབས་བཅུ་གཅིག་པ་ཡིན།།

language:
Tibetan