- mkhan chen dge 'dun rgya mtsho
- ID:
- T225812
- མཁན་ཆེན་དགེ་འདུན་རྒྱ་མཚོ (Tibetan, Tibetan script, Original)
- > mkhan chen dge 'dun rgya mtsho (Tibetan, Latin script, Transliteration-THL Extended Wylie Transliteration)
- > khenchen gendün gyatso (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. dung dkar bod rig pa'i tshig mdzod chen mo
(རོང་པོ་རེབ་གོང་དགོན་ཆེན་གྱི་མཁན་ཐོག་དགུ་པ)ཡི་ངོགས་མཁན་ཆེན་བསམ་གཏན་རྒྱ་མཚོའི་སྤྲུལ་སྐུ་ཡིན། རབ་བྱུང་བཅུ་གཅིག༌པའི་ས་ལུག(༡༦༧༩)ལོར་འཁྲུངས། དགུང་ལོ་བཅུ་པ་ས༌འབྲུག(༡༦༨༨)ལོར་ཡི་ངོགས་མཁན་ཆེན་བསམ་གཏན་རྒྱ༌མཚོའི་སྤྲུལ་སྐུར་ངོས་བཟུང་སྟེ་གདན་སར་བཀོད། སྐུ་དབོན་བླ་མ་དངོས་གྲུབ་པའི་དྲུང་ནས་རབ་བྱུང་གི་སྡོམ་པ༌ཞུས། ཆུ་དམར་སྒོམ་ཆེན་བློ་བཟང་རྒྱ་མཚོགཡེར་གཤོང་འཇམ་དབྱངས་གྲགས་པ། བདེ་ཆེན་དཔོན་སློབ་བློ༌བཟང་བཀྲ་ཤིས་སོགས་ཀྱི་དྲུང་ནས་མདོ་སྔགས་ཀྱི་ཆོས་འགའ་ཞིག་གསན། ལ་མོ་བདེ་ཆེན་དང༌། ཆུ་བཟང༌། དགོན་ལུང་བཅས་ལ་གྲྭ་སྐོར་དམ་བཅའ་བཞག དགུང་ལོ་ཉེར་དྲུག་པ་ཤིང་སྤྲེལ(༡༧༠༤)ལོར་དབུས་སུ་བྱོན་ནས་འབྲས་སྤུངས་སྒོ་མང་གྲྭ་ཚང་དུ་ཆོས་ཞུགས་མཛད་ནས་ཀུན་མཁྱེན་འཇམ་དབྱངས་བཞད་པའི་རྡོ་རྗེ་དང་མཇལ། དགེ་ཚུལ་དང་བསྙེན་རྫོགས་ཀྱི་སྡོམ་པ་ཞུས། འདུལ་བ་དང་མཛོད་ལ་སྦྱངས་པ་མཛད། ཞར་ཞོར་ལ་མདོ་སྔགས་ཀྱི་ཆོས་རྒྱུན་མཐའ་ཡས་པ་གསན། དགུང་ལོ་སོ་དྲུག་པ་ཤིང་རྟ(༡༧༡༤)ལོར་དགེ་བཤེས་ལྷ་རམས་པའི་མཚན་རྟགས་བཞེས་ཏེ། གྲྭ་སྐོར་དམ་བཅའ་ཨང་དང་པོ་ཐོབ། སོག་པོ་ཇུན་གར་གྱིས་སྐབས་དེར་ལྷ་རམས་དམ་བཅའ་སུ་བཟང་ལ་དགོན་པ་ཆེན་པོའི་མཁན་པོ་བསྐོས་རྒྱུ་ཐག་བཅད་པ་ལྟར་དམ་པ་འདི་རྒྱལ་རྩེ་དཔལ་འཁོར་ཆོས་སྡེའི་མཁན་པོར་བསྐོས་པ་ལྟར་ལོ་བཅུའི་རིང་རྩེ་ཆེན་ཆོས་སྡེ་དང་ཟུང་འབྲེལ་དུ་བསྐྱངས། པཎ་ཆེན་རིན་པོ་ཆེ་བློ་བཟང་ཡེ་ཤེས།
- language:
- Tibetan
2. Thupten Phuntsok Dictionary
(རོང་པོ་རེབ་གོང་དགོན་ཆེན་གྱི་མཁན་ཐོག་དགུ་པ) ཡི་ངོགས་མཁན་ཆེན་བསམ་གཏན་རྒྱ་མཚོའི་སྤྲུལ་སྐུ་ཡིན། རབ་བྱུང་བཅུ་གཅིག་པའི་ས་ལུག (༡༦༧༩) ལོར་འཁྲུངས། དགུང་ལོ་གྱ་བདུན་པ་རབ་བྱུང་བཅུ་གསུམ་པའི་ཤིང་བྱ (༡༧༦༥) ལོར་སྐུ་གཤེགས།
- language:
- Tibetan
3. gangs can mkhas grub rim byon ming mdzod
ཁོང་ནི་རབ་བྱུང་བཅུ་གཅིག་པའི་ས་མོ་ལུག་ལོ་སྟེ་སྤྱི་ལོ 1679 ལོར་མདོ་སྨད་ཀྱི་རེབ་ཀོང་གི་ཡུལ་དུ་ཡབ་ཚེ་ཐར་སྐྱབས་དང་ཡུམ་ལྷ་མོ་རྒྱལ་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། རབ་བྱུང་བཅུ་གཅིག་པའི་ཤིང་མོ་བྱ་ལོ་སྟེ་སྤྱི་ལོ 1765 ལོར་སྐུ་གཤེགས། དགུང་ལོ་བཅུ་པར་རོང་བོ་དངོས་གྲུབ་ལས་རབ་བྱུང་བསྒྲུབས། མཚན་དགེ་འདུན་དོན་གྲུབ་ཏུ་གསོལ། དེ་ནས་རོང་བོ་དགོན་དུ་ཞུགས་ནས་བསྡུས་གྲྭ་དང་ལམ་རིམ་བཅས་ལ་སྤྱངས་པར་མཐར་ཕྱིན་མཛད། དེ་ནས་དར་ཞིང་གི་ཁྲིར་བཞུགས་ཏེ་མཚན་དགེ་འདུན་རྒྱ་མཚོར་གསོལ། [203] དགུང་ལོ་ཉེར་ལྔའི་བར་གཞུང་ལུགས་མང་དུ་གསན་སྦྱངས་མཛད་ནས་མདོ་སྨད་ཀྱི་དགོན་སྡེ་ཁག་ཏུ་ཕར་ཕྱིན་གྱི་གྲྭ་སྐོར་མཛད། དགུང་ལོ་ཉེར་དགུ་བར་དབུས་སུ་ཕེབས་ཏེ་འབྲས་སྤུངས་སྒོ་མང་གྲྭ་ཚང་དུ་ཞུགས། དགུང་ལོ་སོ་དྲུག་པར་ལྷ་སའི་སྨོན་ལམ་ཆེན་མོར་གཞུང་བཀའ་པོད་ལྔའི་དམ་བཅའ་བཞག་པས་རབ་འབྱམས་པའི་མཚན་རྟགས་བླངས། དགུང་ལོ་བཞི་བཅུ་བར་སྡེ་བ་གཞུང་ནས་གཙང་དཔལ་འཁོར་ཆོས་སྡེའི་མཁན་པོར་བསྐོས། རྗེས་སུ་རྩེ་ཆེན་ཆོས་སྡེའི་གདན་སའང་བཞུགས། དགོན་པ་བཞེངས་གསོ་དང་སྒྲིག་ལམ་ཀུན་སྤྱོད་ལེགས་བཅོས་མཛད། ཆོས་ཀྱི་འཆད་ཉན་ལེགས་པར་བསྐྱངས། དགུང་ལོ་ང་ལྔ་པར་རང་ཡུལ་དུ་ཕྱིར་ཕེབས་ཏེ་རོང་བོ་དགོན་ཆེན་གྱི་གདན་སར་བཞུགས། མདོ་སྨད་ཕྱོགས་ཀྱི་དགོན་ཁག་ཡོངས་སུ་ཕེབས་ཤིང་འཆད་ཉན་རྒྱ་ཆེར་སྤེལ་ནས་དུས་འདའ་བར་མཛད། ཁོང་གི་གསུང་རྩོམ་ནི《བསྡུས་གྲྭའི་ལེགས་བཤད་གྲངས་མེད་བསྐལ་བཟང་གི་བློ་གྲོས་ཀྱི་པད་ཚལ་བཞད་པའི་ལུང་རིགས་ཀྱི་ཉི་མ》བཅས་པོད་གསུམ་དུ་བཞུགས་སོ།།
- language:
- Tibetan