- mkhan chen rgyal sras bzang po
- ID:
- T225813
- མཁན་ཆེན་རྒྱལ་སྲས་བཟང་པོ (Tibetan, Tibetan script, Original)
- > mkhan chen rgyal sras bzang po (Tibetan, Latin script, Transliteration-THL Extended Wylie Transliteration)
- > khenchen gyalsé zangpo (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. dung dkar bod rig pa'i tshig mdzod chen mo
ལྷོ་བྲག་ཁུལདུ་ཤུད་ཕུའི་རིགས་སུ་འཁྲུངས(འཁྲུངས་འདས་ཀྱི་ལོ་ཚིགས་མི་གསལ)དགུང་ལོ་བཅུ་གཅིག་ལ་མཁན་ཆེན་སེང་གེ་བཟང་པོའི་དྲུང་དུ་རབ་བྱུང་མཛད། ཀུན་མཁྱེན་མཚོ་སྣ་བ་དང་དགེ་བཤེས་མོན་གྲ་བ་སོགས་བསྟེན་ནས་དཀའ་བཞི་ལ་སྦྱངས་པ་མཐར་ཕྱིན་པ་མཛད། མཁན་ཆེན་སེང་གེ་བཟང་པོའི་དྲུང་ནས་ལམ་རིམ་གྱི་ཁྲིད་དང་བཀའ་གདམས་ཀྱི་ཆོས་སྐོར་ཆ་ཚང་བ་གསན། ལྷོ་བྲག་སྒྲོ་བ་དགོན་པའི་མཁན་པོ་ཡུན་རིང་མ། ཛད་ཅིང༌། སྐུ་གསུང་ཐུགས་རྟེན་མང་དུ་བཞེངས། དགེ་བཤེས་མོན་གྲ་བ་དགེ་འདུན་གྱི་སྡེ་དང་བཅས་པ་དགོན་པར་གདན་དྲངས་ནས་ཆོས་འཁོར་ཆེན་པོ་བཙུགས། མཁན་ཆེན་ཉིད་ཀྱིས་ཀྱང་དུས་དུས་སུ་ཆོས་བཀའ་ཡང་ཡང་གནང་བས་སློབ་མ་བརྒྱུད་འཛིན་པ་གྲགས༌ཅན་མང་པོ་བྱུང༌། སྐུ་མྱ་ངན་ལས་འདའ་ཁར་མཁན་ཆེན༌ནམ་མཁའ་རྒྱལ་མཚན་ལ་བཀའ་སློབ་དང་ཞལ་གདམས་ལེགས་པར་གནང་ནས་ངོ་མཚར་བའི་ལྟས་མང་པོ་དང་བཅས་སྐུ་གཤེགས། ལྷོ་བྲག་ཕྱོགས་སུ་བཀའ་གདམས་ཀྱི་བསྟན་པ་ཡུན་རིང་གནས་པའི་རྟེན་འབྲེལ་གྱི་ཆེད་དུ་སྐུ་གདུང་རིལ་པོར་བཞག་པ་དགོན་པའི་གསེར་འབུམ་གྱི་ནང༌དུ་བཞུགས། ལོ་རྒྱུས་མདོར་བསྡུས་ཡོངས་འཛིན་ཡེ་ཤེས་རྒྱལ་མཚན་གྱིས་མཛད་པའི<<ལམ་རིམ་བླ་བརྒྱུད་རྣམ་ཐར>>ལྕགས་དཔར་མའི་ཤོག་གྲངས༣༠༡ནས༣༠༢བར་གསལ། །
- language:
- Tibetan
2. Thupten Phuntsok Dictionary
ལྷོ་བྲག་ཁུལ་དུ་ཤུད་ཕུའི་རིགས་སུ་འཁྲུངས། (འཁྲུངས་འདས་ཀྱི་ལོ་ཚིགས་མི་གསལ) དགུང་ལོ་བཅུ་གཅིག་ལ་མཁན་ཆེན་སེང་གེ་བཟང་པོའི་དྲུང་དུ་རབ་བྱུང་མཛད། ཀུན་མཁྱེན་མཚོ་སྣ་བ་དང་དགེ་བཤེས་མོན་གྲ་བ་སོགས་བསྟེན་ནས་བཀའ་བཞི་ལ་སྦྱངས་པ་མཐར་ཕྱིན་པ་མཛད།
- language:
- Tibetan