Skip to main content Skip to search
mkhan chen ngag dbang blo gros bzang po
ID:
T225815
  • མཁན་ཆེན་ངག་དབང་བློ་གྲོས་བཟང་པོ (Tibetan, Tibetan script, Original)
    • > mkhan chen ngag dbang blo gros bzang po (Tibetan, Latin script, Transliteration-THL Extended Wylie Transliteration)
    • > khenchen ngawang lodrö zangpo (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. Thupten Phuntsok Dictionary

གཙང་ངོར་དགོན་ཨེ་ཝཾ་ཆོས་ལྡན་གྱི་གདན་རབས་ཞེ་བརྒྱད་པ་ཡིན། ཁང་གསར་མཁན་རིན་པོ་ཆེ་ངག་དབང་ཆོས་སྐྱོང་བཟང་པོའི་དབོན་རིགས་སུ་འཁྲུངས། ཨེ་ཝཾ་ཆོས་ལྡན་དུ་ཕེབས་ནས་མཁན་ཆེན་བྱམས་པ་ནམ་མཁའ་འཆི་མེད་སོགས་གཙོ་བོར་བསྟེན་ནས་བསླབ་སྦྱངས་ལེགས་པར་མཛད། རབ་བྱུང་བཅུ་བཞི་པའི་ལྕགས་སྦྲུལ་ལོར་རྒྱལ་བ་རྡོ་རྗེ་འཆང་གི་ཁྲིར་མངའ་གསོལ་ནས་གསུང་ངག་ལམ་འབྲས་སོགས་ཀྱི་སྒོ་ནས་ངག་དབང་བློ་གྲོས་བསྟན་འཛིན། ཆོས་རྗེ་རིན་ཆེན་ལྷུན་གྲུབ། བཤེས་གཉེན་ངག་དབང་བསྟན་པ་སོགས་གདུལ་བྱ་མཐའ་ཡས་པ་སྨིན་གྲོལ་གྱི་ལམ་ལ་འགོད་པར་མཛད་དོ། །

language:
Tibetan