- mkhan chen ngag dbang bsod nams rgyal mtshan
- ID:
- T225816
- མཁན་ཆེན་ངག་དབང་བསོད་ནམས་རྒྱལ་མཚན (Tibetan, Tibetan script, Original)
- > mkhan chen ngag dbang bsod nams rgyal mtshan (Tibetan, Latin script, Transliteration-THL Extended Wylie Transliteration)
- > khenchen ngawang sönam gyaltsen (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. Thupten Phuntsok Dictionary
གཙང་ངོར་དགོན་ཨེ་ཝཾ་ཆོས་ལྡན་གྱི་གདན་རབས་ང་ལྔ་པ་ཡིན། གཙང་རོང་སྐྱ་སྔོན་ཞེས་པར་ངག་དབང་བློ་གྲོས་བསྟན་འཛིན་གྱི་སྐུའི་དབོན་དུ་མཚན་དཀྱིལ་གསར་དུ་བཞད། ངོར་ཁང་གསར་དུ་བཞུགས་ནས་མཁན་ཆེན་ཀུན་དགའ་བསྟན་པའི་བློ་གྲོས་རྣལ་འབྱོར་འཇམ་དཔལ་བཟང་པོ་སོགས་ལུགས་གཉིས་ཀྱི་དཔལ་མངོན་པར་མཐོ་བའི་ཡོངས་འཛིན་དུ་མ་ལས་སྡོམ་པ་གསུམ་དང་ལམ་འབྲས་སོགས་ཀྱི་བདུད་རྩི་གསོལ། རབ་བྱུང་བཅུ་བཞི་པའི་ས་ལུག་སྤྱི་ལོ་༡༨༥༩ལོ་ནས་ངོར་གྱི་གསེར་ཁྲི་ཆེན་མོར་བགྲང་བྱ་བརྒྱད་ཙམ་བཞུགས་རིང་མདོ་སྔགས་འཆད་ཉན་གྱི་སྒོ་ནས་སྲས་ཀྱི་ཐུ་བོ་འཇམ་དབྱངས་ཤེས་རབ་རྒྱ་མཚོ་སོགས་བུ་སློབ་དཔག་ཏུ་མེད་པ་བསྐྱངས། རྗེ་འདི་ཉིད་བཤད་སྒྲུབ་ཀྱི་བསྟན་པ་ལ་མཛད་པ་ཤིན་ཏུ་ཆེ་བར་སྣང་། མཐར་དགུང་གྲངས་ང་དགུ་པར་སྐུ་གཤེགས།
- language:
- Tibetan