Skip to main content Skip to search
mkhan chen chos skyabs bzang po
ID:
T225817
  • མཁན་ཆེན་ཆོས་སྐྱབས་བཟང་པོ (Tibetan, Tibetan script, Original)
    • > mkhan chen chos skyabs bzang po (Tibetan, Latin script, Transliteration-THL Extended Wylie Transliteration)
    • > khenchen chö kyab zangpo (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. dung dkar bod rig pa'i tshig mdzod chen mo

ལམ་རིམ་གྱི་བཀའ་གདམས་གཞུང་པའི་བླ་བརྒྱུད་གྲས་སུ་བཞུགས་པའི་གྲ་གོར་མཁན་ཆེན་ཆོས་སྐྱབས་བཟང་པོའམ་སྐྱབས་མཆོག་དཔལ་བཟང་ཞེས་ཞུ་བ་དེ་ཡིན། དམ་པ་འདིའི་འཁྲུངས་འདས་ཀྱི་ལོ་ཚིགས་གསལ་བ་མ་རྙེད་ཅིང༌། ཀུན་མཁྱེན་མཚོ་སྣ་བའི་སྐུ་དྲུང་ནས་རབ་བྱུང་དང་བསྙེན་རྫོགས་གཉིས་ཀ་བཞེས་ཏེ། བཀའ་གདམས་གཞུང་པའི་ལམ་རིམ་གྱི་མན་ངག་རྣམས་གསན། སྡེ་སྣོད་གསུམ་ལ་མཁས་པའི་པཉི་ཏ་ཆེན་པོར་གྱུར། མཚོ་སྣ་བ་ཆེན་པོ་སྐུ་གཤེགས་ནས་མོན་གྲྭ་པ་ཚུལ་ཁྲིམས་བཀྲ་ཤིས་བསྟེན་ནས་མངོན་པ་མཛོད་དང་བཀའ་གདམས་ལམ་རིམ་གྱི་ཁྲིད་དང་མན་ངག་ཆ་ཚང་བ་བསྐྱར་དུ་གསན། སྐུ་ཚེ་གཅིག་གི་རིང་སྒོམ་སྒྲུབ་ཉམས་བཞེས་གཙོ་བོར་མཛད་དེ། ཕྱིར་མི་ལྡོག་པའི་རྟགས་ཐོབ་ཞེས་ཡོངས་སུ་གྲགས། རྗེ་ཙོང་ཁ་པ་ཆེན་པོས་དམ་པ་འདིའི་དྲུང་ནས་བཀའ་གདམས་གཞུང་པའི་ལམ་རིམ་གྱི་མན་ངག་ཆ་ཚང་བར་གསན་པས་བཀའ་དྲིན་ཆེ་བའི་རྩ་བའི་བླ་མ་གཙོ་བོ་ཞིག་ཏུ་གུས་བཀུར་མཛད་པའི་ལོ་རྒྱུས་མདོར་བསྡུས་ཡོངས་འཛིན་ཡེ་ཤེས་རྒྱལ་མཚན་གྱིས་མཛད་པའི<<ལམ་རིམ་བླ་མ་བརྒྱུད་པའི་རྣམ་ཐར>>ལྕགས་དཔར་མའི་ཤོག་གྲངས༢༧༡ནས༢༧༢བར་གསལ།

language:
Tibetan

2. Thupten Phuntsok Dictionary

ལམ་རིམ་གྱི་བཀའ་གདམས་གཞུང་པའི་བླ་བརྒྱུད་གྲས་སུ་བཞུགས་པའི་གྲ་གོར་མཁན་ཆེན་ཆོས་སྐྱབས་བཟང་པོའམ་སྐྱབས་མཆོག་དཔལ་བཟང་ཞེས་ཞུ་བ་དེ་ཡིན།

language:
Tibetan

3. gangs can mkhas grub rim byon ming mdzod

ཁོང་ནི་སྤྱི་ལོའི་དུས་རབས་བཅུ་གསུམ་པའི་དུས་སྟོད་ཙམ་དུ་གཉལ་ལ་སྐུ་འཁྲུངས། ཁོང་དགུང་ལོ་ཆུང་ངུའི་དུས་ནས་ཡབ་ཡུམ་གཉིས་ཀྱིས་ཀུན་མཁྱེན་མཚོ་སྣ་བ་ལ་ཕུལ་བས་དགུང་ལོ་བདུན་པར་རབ་ཏུ་བྱུང་ཞིང་མཚན་ལ་ཆོས་སྐྱབས་བཟང་པོ་ཞེས་གསོལ། ཀུན་མཁྱེན་མཚོ་སྣ་བ་ལས་སྡེ་སྣོད་གསུམ་གྱི་དབང་ལུང་མན་ངག་ཡོད་ཚད་ཞུས་ནས་ཐུགས་སུ་ཆུད་པར་མཛད་ཅིང་བསྙེན་པར་རྫོགས། ལྷག་པར་བཀའ་གདམས་གཞུང་པའི་བཤད་སྲོལ་ལྟར་བྱང་ཆུབ་ལམ་གྱི་རིམ་[205]པའི་མན་ངག་མ་ལུས་པ་ཞུས་ཤིང་ཉམས་ལེན་མཛད། དེ་ནས་མོན་གྲ་པ་ཚུལ་ཁྲིམས་བཀྲ་ཤིས་ལ་བསྟེན་ནས་བྱང་ཆུབ་ལམ་རིམ་དང་། འདུལ་བ། མངོན་པ་སྡེ་བདུན་བཅས་ལ་སྦྱངས་པ་དཔྱིས་ཕྱིན་པ་མཛད་དེ་མཁས་པའི་ཁྱུ་མཆོག་ཏུ་གྱུར། རྗེ་ཙོང་ཁ་པ་ཆེན་པོས་ཀྱང་། ཟབ་ཅིང་རྒྱ་ཆེའི་ཆོས་ལ་མངའ་བརྙེས་པས། སྐལ་ལྡན་འགྲོ་བ་ཀུན་གྱི་སྐྱབས་སུ་གྱུར། འཕྲིན་ལས་བཟང་པོས་བསྟན་པ་རྒྱས་མཛད་པ། དཔལ་ལྡན་བླ་མའི་ཞབས་ལ་གསོལ་བ་འདེབས། ཅེས་བསྔགས་བརྗོད་མཛད་དོ། ཁོང་ནི་ལམ་རིམ་བླ་བརྒྱུད་ཀྱི་བླ་རབས་ཉི་ཤུ་རྩ་གཉིས་པ་ཡིན་ནོ།།

language:
Tibetan