- mkhan chen 'jam pa'i dbyangs sangs rgyas phun tshogs
- ID:
- T225818
- མཁན་ཆེན་འཇམ་པའི་དབྱངས་སངས་རྒྱས་ཕུན་ཚོགས (Tibetan, Tibetan script, Original)
- > mkhan chen 'jam pa'i dbyangs sangs rgyas phun tshogs (Tibetan, Latin script, Transliteration-THL Extended Wylie Transliteration)
- > khenchen jampé yang sangye püntsok (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. Thupten Phuntsok Dictionary
རབ་བྱུང་བཅུ་གཅིག་པའི་ས་གླང་སྤྱི་ལོ་༡༦༤༩ལོར་མངའ་རིས་སྨད་ཀྱི་ཏྲེ་པའི་འབྲོག་གསེབ་ཏུ་འཁྲུངས། འཇམ་མགོན་དཔལ་མཆོག་རྒྱལ་མཚན་སོགས་བཤེས་གཉེན་བཅུ་ཕྲག་གཉིས་ལྷག་ཙམ་བསྟེན། མདོ་སྔགས་རིག་གནས་དང་བཅས་པར་གསན་རྒྱ་ཤིན་ཏུ་ཆེ་ཞིང་། མཁས་པ་ཆེན་པོར་གྲགས་ཤིང་གྲུབ། དཔལ་མཆོག་རྒྱལ་མཚན་ལས་བསྙེན་པར་རྫོགས། སྒ་སྟོད་གདོང་སྤྲད་དགོན་དུ་ཡུན་རིང་བཞུགས། དགོང་ལོ་སོ་བརྒྱད་པ་རབ་བྱུང་བཅུ་གཅིག་པའི་མེ་སྟག་སྤྱི་ལོ་༡༦༨༦ལོར་ཁྲིར་ཕེབས། སྔ་ཕྱིར་ལམ་འབྲས་ཚར་བཅུ་གཅིག་གསུངས། ཨེ་ཝཾ་པར་བཀའ་དྲིན་ཤིན་ཏུ་ཆེ། གསུང་འབུམ་པོད་བཞི་ཡོད་པར་གསུངས། གདན་ས་ལོ་ངོ་བཞིར་མཛད། ང་གཅིག་པ་རབ་བྱུང་བཅུ་གཉིས་པའི་ས་ཡོས་སྤྱི་ལོ་༡༦༩༩ལོར་སྡེ་དགེ་ས་སྐྱོང་བླ་མ་ཚེ་དབང་རྡོ་རྗེས་ཇི་ལྟར་གསོལ་བ་བཏབ་པ་ལྟར་སྡེ་དགེར་ཕེབས་པས་འགྲོ་དོན་ཤིན་ཏུ་ཆེ་བ་བྱུང་། ལྷག་པར་རྒྱལ་བའི་བཀའ་འགྱུར་ཆེན་མོ་ཡོངས་རྫོགས་ཀྱི་པར་བསྒྲུབ་དགོས་པའི་བཀའ་གནང་བ་ལྟར་ཆོས་རྒྱལ་ཆེན་མོས་དེ་ལྟར་བསྒྲུབས་པ་སོགས་བསྟན་པ་སྤྱི་ལ་བཀའ་དྲིན་བསམ་ལས་འདས། དགུང་ལོ་ང་བདུན་པ་ཤིང་བྱ་སྤྱི་ལོ་༡༧༠༥ལོར་སྡེ་དགེ་ལྷུན་གྲུབ་སྟེང་དུ་སྐུ་གཤེགས་སོ། །
- language:
- Tibetan