Skip to main content Skip to search
mkhan chen nyi ma rgyal mtshan
ID:
T225819
  • མཁན་ཆེན་ཉི་མ་རྒྱལ་མཚན (Tibetan, Tibetan script, Original)
    • > mkhan chen nyi ma rgyal mtshan (Tibetan, Latin script, Transliteration-THL Extended Wylie Transliteration)
    • > khenchen nyima gyaltsen (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. dung dkar bod rig pa'i tshig mdzod chen mo

(སྣར་ཐང་གི་མཁན་རབས་དགུ་པ)སྣར་ཐང་གི་ཕུའི་ལྟེང་ཀརྨ་ཁ་རིར་རབ་བྱུང་བཞི་པའི་ཤིང་བྱ(༡༢༢༥)ལོར་འཁྲུངས། གདུང་རུས་ནི་རམ་ཡིན། སྐུ་གཞོན་ནུ་ནས་རབ་ཏུ་བྱུང་ཞིང༌། འབྲོམ་ཀུ་མ་ར་དང༌། མཆིམས་ནམ་མཁའ་གྲགས། སྐྱོ་སྟོན་སྨོན་ལམ་ཚུལ་ཁྲིམས་སོགས་བླ་མ་འགའ་ཞིག་གི་དྲུང་ནས་བཀའ་གདམས་ཀྱི་ཆོས་སྐོར་དང༌། གཞན་ཡང་གདམས་ངག་མང་དུ་གསན། ་དགུང་ལོ་དོན་ལྔ་པ་རབ་བྱུང་ལྔ་པའི་ས་ཕག་(༡༢༩༩)ལོར་སྣར་ཐང་གི་མཁན་པོའི་ཁྲིར་ཕེབས་ནས་ལོ་བདུན་བསྐྱངས་ཏེ། དགུང་ལོ་གྱ་གཅིག་པ་རབ་བྱུང་ལྔ་པའི་ཤིང་སྦྲུལ(༡༣༠༥)ལོར་སྐུ་གཤེགས། གདུང་རྟེན་ནི་སྣར་ཐང་གདན་ས་གོང་མའི་གདུང་རྟེན་གྱི་ཤར་ངོས་སུ་བཞུགས། ལོ་རྒྱུས་རྣམ་ཐར་ཞིབ་པ་མ་མཐོང་ལགས།

language:
Tibetan

2. Thupten Phuntsok Dictionary

(སྣར་ཐང་གི་མཁན་རབས་དགུ་པ) སྣར་ཐང་གི་ཕུའི་ལྟེང་ཀརྨ་ཁ་རིར་རབ་བྱུང་བཞི་པའི་ཤིང་བྱ (༡༢༢༥) ལོར་འཁྲུངས། དགུང་ལོ་གྱ་གཅིག་པ་རབ་བྱུང་ལྔ་པའི་ཤིང་སྦྲུལ (༡༣༠༥) ལོར་སྐུ་གཤེགས།

language:
Tibetan

3. gangs can mkhas grub rim byon ming mdzod

ཁོང་ནི་རབ་བྱུང་བཞི་པའི་ཤིང་མོ་བྱ་ལོ་སྟེ་སྤྱི་ལོ 1225 ལོར་སྣར་ཐང་གི་ཕུའི་སྟེང་ཀརྨ་ཁ་རིར་སྐུ་འཁྲུངས། གདུང་རུས་རམ་ཡིན། རབ་བྱུང་ལྔ་པའི་ཤིང་མོ་སྦྲུལ་ལོ་སྟེ་སྤྱི་ལོ 1305 ལོར་སྐུ་གཤེགས། ཁོང་གཞོན་ནུ་དུས་ནས་རབ་ཏུ་བྱུང་། འབྲོམ་ཀུ་མ་ར་མ་ཏི་སློབ་དཔོན་དུ་བསྟེན་ནས་བཀའ་གདམས་པའི་གླེགས་བམ་ཆ་ལག་དང་བཅས་པ་གསན། ཁྱད་པར་དུ་མཆིམས་ནམ་མཁའ་གྲགས་པ་དང་སྐྱོ་སྟོན་སྨོན་ལམ་ཚུལ་ཁྲིམས་རྣམ་གཉིས་ནས་གདམ་པ་ཡོངས་སུ་རྫོགས་པའི་བཀའ་དྲིན་མནོས། ཁོང་གིས་ཚུལ་ཁྲིམས་སྟག་བརྒྱས་བསྐོས། ཆོས་ཁྲིམས་ཀྱང་དམ་པར་མཛད། སྣར་ཐང་གི་གདན་ས་ལོ་ངོ་བདུན་གྱི་བར་དུ་བསྐྱངས་སོ། ཁོང་གི་གདུང་རྟེན་ནི་གདན་ས་གོང་མའི་གདུང་རྟེན་གྱི་ཤར་ན་བཞུགས་སོ། ཁོང་ནི་དཔལ་སྣར་ཐང་དགོན་པའི་གདན་[206]རབས་དགུ་པ་ཡིན།།

language:
Tibetan