Skip to main content Skip to search
mkhan chen nyi ma bstan 'dzin
ID:
T225820
  • མཁན་ཆེན་ཉི་མ་བསྟན་འཛིན (Tibetan, Tibetan script, Original)
    • > mkhan chen nyi ma bstan 'dzin (Tibetan, Latin script, Transliteration-THL Extended Wylie Transliteration)
    • > khenchen nyima tendzin (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. dung dkar bod rig pa'i tshig mdzod chen mo

རྗེ་འདི་ནི་རྒྱལ་བ་མཉམ་མེད་ཆེན་པོ་ཤེས་རབ་རྒྱལ་མཚན་གྱི་ཁྲི་འཛིན་མཁན་རབས་ཉེར་གཉིས་པ་ཡིན། མཁན་ཆེན་མཆོག་མདོ་ཁམས་བུམ་པོར་སྒང་སྡེ་དགེའི་ཁོངས་རྐམ་ཚང་གདུང་ལ་རབ་བྱུང་བཅུ་བཞི་པའི་ཆུ་བྱ(༡༨༡༣)ལོར་སྐུ་འཁྲུངས། ཆུང་དུས་གཡུང་དྲུང་ཉི་མ་རྒྱལ་མཚན་གྱིས་རྗེས་སུ་བཟུང་ནས་ཕྱི་ནང་གསང་བའི་བོན་སྡེའི་དབང་ལུང་ཕྱག་ལེན་དང་རིག་གནས་སོགས་ལ་གསན་སྦྱངས་གནང༌། ཤེས་བྱ་ཀུན་ལ་ལན་རེ་གཟིགས་པ་ཙམ་གྱིས་གསལ་རྟོགས་མཁྱེན་པའི་སྤོབས་པ་རྒྱས། དེ་ནས་ཁུ་བོ་རིན་པོ་ཆེ་དང་མཉམ་དུ་གཙང་ལ་བྱོན་ནས་བཀྲ་ཤིས་སྨན་རི་དགོན་པར་སྒྲིགས་ཞུགས་མཛད། སྐྱབས་མགོན་ཟླ་བ་རྒྱལ་མཚན་སོགས་སྐྱེས་ཆེན་དུ་མའི་ཞབས་ལ་གཏུགས་ནས་མདོ་སྔགས་རྒྱུད་སྡེའི་ཚིག་དོན་ཀུན་ལ་མཁས་པར་སྦྱངས། ཁྱད་པར་དུ་དྲང་སྲོང་གི་སྡོམ་ཁྲིམས་ཉིས་བརྒྱ་ལྔ་བཅུ་དང་གསང་སྔགས་ཀྱི་དབང་ལུང་ཁྲིད་སོགས་མཁན་ཆེན་བསོད་ནམས་བློ་གྲོས་ཀྱི་དགོངས་བཅུད་ཟབ་མོ་གསན་བཞེས་གནང་སྟེ་མཁས་དང་གྲུབ་པའི་རྩེར་སོན། གཡུང་དྲུང་བོན་གྱི་བསྟན་པ་སྐྱོང་བའི་དགེ་བའི་བཤེས་གཉེན་གྱི་མཚན་སྙན་རྒྱ་ཆེར་ཁྱབ། དགུང་ལོ་ཉེར་བཞིའི་སྟེང་མཉམ་མེད་རྒྱལ་བའི་རྒྱལ་ཚབ་ཏུ་གསེར་ཁྲིར་མངའ་གསོལ། སྐུ་གསུང་ཐུགས་ཀྱི་རྟེན་གསུམ་བྱིན་ཅན་མང་དུ་བཞེངས། རབ་ལེགས་གཡུང་དྲུང་གླིང་དུ་སྐྱབས་མགོན་གྱི་བཀའ་བའིན་མཚན་ཉིད་གཞུང་ཆེན་དྲུག་གི་བཤད་གྲྭ་བཙུགས་ནས་ཡོངས་འཛིན་དུ་བཞུགས། སློབ་མའི་ཚོགས་མང་དུ་བསྐྱངས། ཧོར་འབྲོག་ཀླུ་ཕུག་གཡུང་དྲུང་བདེ་ཆེན་གླིང་སོགས་གཤེན་བསྟན་སྨན་རིའི་སྲོལ་འཛིན་གྱི་དགོན་ལག་མང་པོ་ཕྱག་བཏབ། ཁོང་གི་ཕྱག་རྩོམ་ལ<<ཤེས་རབ་ཀྱི་བླ་ན་མེད་པར་ཕྱིན་པ་མངོན་རྟོགས་རྒྱན་གྱི་འགྲེལ་པ་དཀའ་གནད་རབ་གསལ>>དང༌། <<རྣམ་བཤད་གཞུང་འགྲེལ>><<རྒྱལ་བ་མཉམ་མེད་ཆེན་པོའི་རྣམ་ཐར>><<བསྟོད་ཕྱག་སྐུ་གསུམ་ལྷུན་གྲུབ་ཀྱི་འགྲེལ་པ>><<ཐུན་མོང་སྡུད་གྲྭའི་རྣམ་གཞག>><<རྩིས་གཞུང་འོད་ཟེར་འབུམ་ལྡན>><<བསྟན་རྩིས་ནོར་བུའི་ཕྲེང་བ>><<བརྡ་དག་འབེལ་གཏམ་ཉི་འོད་ཀཞོན་ནུ>>སོགས་ཤིན་ཏུ་མང་དེ་ནས་རྗེ་ཉིད་མཁན་ཟུར་དུ་བཞུགས་རྗེས་བསྙེན་སྒྲུབ་མཐར་སོན་ཏེ་ཡི་དམ་ལྷའི་ཞལ་གཟིགས་པར་གྲགས། ཞལ་སློབ་མཆོག་ཏུ་གྱུར་པ་བསོད་ནམས་ཕུན་ཚོགས་དང༌འགྲོ་མགོན་ཤེས་རབ་གཡུང་དྲུང༌། མཁན་ཆེན་སྐལ་བཟང་ཉི་མ་སོགས་མང་དག་བྱུང༌། དགོངས་རྫོགས་ཀྱི་དུས་ཚོད་གཅིག་ཏུ་མ་ངེས་པར་བཞེད་པ་མི་འདྲ་བ་ཅུང་ཟད་ཡོད་རུང༌། མང་ཆེ་བས་རྗེ་འདི་ཉིད་དགུང་ལོ་སོ་དྲུག་ཏུ་ཕེབས་པ་རབ་བྱུང་བཅུ་བཞི་པའི་ས་སྤྲེལ(༡༨༤༨)ལོ་ལ་འདས་པར་བཞེད།

language:
Tibetan

2. Thupten Phuntsok Dictionary

རྗེ་འདི་ནི་རྒྱལ་བ་མཉམ་མེད་ཆེན་པོ་ཤེས་རབ་རྒྱལ་མཚན་གྱི་ཁྲི་འཛིན་མཁན་རབས་ཉེར་གཉིས་པ་ཡིན། དགུང་ལོ་སོ་དྲུག་ཏུ་ཕེབས་པ་རབ་བྱུང་བཞི་པའི་ས་སྤྲེལ (༡༨༤༨) ལོ་ལ་འདས་བཞེད།

language:
Tibetan