Skip to main content Skip to search
mkhan chen nam mkha' rgyal mtshan
ID:
T225821
  • མཁན་ཆེན་ནམ་མཁའ་རྒྱལ་མཚན (Tibetan, Tibetan script, Original)
    • > mkhan chen nam mkha' rgyal mtshan (Tibetan, Latin script, Transliteration-THL Extended Wylie Transliteration)
    • > khenchen namkha gyaltsen (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. dung dkar bod rig pa'i tshig mdzod chen mo

ཡོངས་གྲགས་སུ་ལྷོ་བྲག་མཁན་ཆེན་ནམ་མཁའ་རྒྱལ་མཚན་ཞེས་བརྗོད་སྲོལ་ཡོད། ཤུད་བུའི་རིགས་སུ་རབ་བྱུང་ལྔ་པའི་མེ་སྟག་(༡༣༢༦)ལོར་ཡབ་སློབ་དཔོན་ནམ་མཁའ་བཟང་པོ་དང་ཡུམ་རིན་ཆེན་རྒྱན་གཉིས་ཀྱི་སྲས་སུ་འཁྲུངས། བྱིས་པའི་དུས་ནས་ན་མཉམ་གཞན་དང་མི་འདྲ་བའི་མཛད་སྤྱོད་ཁྱད་པར་ཅན་མངའ། དགུང་ལོ་བདུན་པ་ཆུ་སྤྲེལ(༡༣༣༢)ལོར་ཉིད་ཀྱི་ཁུ་བོ་རྒྱལ་སྲས་བཟང་པོའི་དྲུང་ནས་དགེ་ཚུལ་གྱི་སྡོམ་པ་བའེས། དགུང་ལོ་བཅུ་པར་ཤིང་ཕག(༡༣༣༥)ལོ་ནས་ཁུ་བོ་མཁན་ཆེན་དེ་ཉིད་ཀྱི་དྲུང་ནས་མདོ་སྔགས་ཀྱི་ཆོས་སྐོར་མང་དུ་གསན། དགུང་ལོ་ཉི་ཤུ་པ་ཤིང་བྱ་(༡༣༤༥)ལོར་རྒྱ་མ་རིན་ཆེན་སྒང་དུ་བྱོན། རིན་པོ་ཆེ་བཀྲ་ཤིས་རྒྱལ་མཚན་གྱི་དྲུང་ནས་བསྙེན་རྫོགས་ཀྱི་སྡོམ་པ་བཞེས། དགེ་བའི་བཤེས་གཉེན་རི་ཟངས་རྟོག་པ་དང༌། བླ་མ་བདེ་བའི་འབྱུང་ཀནས། དགེ་བཤེས་མོན་གྲ་པ་སོགས་བསྟེན་ནས་གཞུང་ཆེན་པོ་ལྔར་སློབ་གཉེར་ལེགས་པར་གནང༌། དགུང་ལོ་སོ་གཅིག་པ་མེ་སྤྲེལ(༡༣༥༦)ལོར་ཁུ་བོ་མཁན་ཆེན་རྒྱལ་སྲས་བཟང་པོ་སྐུ་གཤེགས་པའི་དགོངས་རྫོགས་སུ་གསེར་སྐུ་ཆེན་མོ་བཞེངས། ལོ་དེར་སྒྲོ་བ་དགོན་པའི་མཁན་པོའི་ཁྲིར་ཕེབས་ཏེ་ཆོས་དང་ཟང་ཟིང་གཉིས་ཀའི་སྒོ་ནས་བསྐྱངས། དགུང་ལོ་བདུན་ཅུ་པ་རབ་བྱུང་བདུན་པའི་ཤིང་ཕག(༡༣༩༥)ལོར་རྗེ་ཙོང་ཁ་པ་ཆེན་པོས་མཁན་ཆེན་འདི་ཉིད་དང་མཇལ། བཀའ་གདམས་ཀྱི་ཆོས་སྐོར་དང༌། མན་ངག་པ་ལམ་རིམ་པའི་གདམས་ངག་མཁན་ཆེན་ཉིད་ཀྱི་དག་སྣང་ཆོས་སྐོར་ལུང་བསྟན་མང་པོ་བཅས་གནང་ནས་སློབ་མའི་གཙོ་བོར་རྗེས་སུ་བཟུང༌། རྒྱུན་དུ་ཐུགས་དམ་ཉམས་བའེས་གཙོར་འདོན་ཐོག དད་འདུས་སློབ་མ་རྣམས་ལ་ཆོས་ཡང་ཡང་གནང་བ་བཅས་མཛད་པ་རླབས་ཆེ་ཞིང་ངོ་མཚར་བ་མང༌། དགུང་ལོ་དོན་དྲུག་པ་རབ་བྱུང་བདུན་པའི་ལྕགས་སྦྲུལ(༡༤9༡)ལོར་སྐུ་གཤེགས། སྐུ་གདུང་ཞལ་ཆེམས་ལྟར་ལ་མོ་དང་དགའ་ལྡན་བར་གྱི་རི་འགྲམ་ཞིག་ཏུ་ས་འབུམ་ཆེན་པོ་ཞིག་བཞེངས་པའི་ནང་མ་༡མས་པར་བཞུགས་སུ་གསོལ་བ་དེར་ཡོངས་གྲགས་སུ་ལྷོ་བྲག་འབུམ་པ་ཟེར། གསུང་རྩོམ་ཕྱོགས་གཅིག་ཏུ་བསྡུས་པར་ལྷོ་བྲག་བཀའ་འབུམ་དུ་གྲགས་པ་པོད་གཉིས་ཡོད། རྣམ་ཐར་ལོ་རྒྱུས་རྒྱས་པ་ལས་ཆེན་ཀུན་དགའ་རྒྱལ་མཚན་གྱིས་མཛད་པའི<<བཀའ་གདམས་ཆོས་འབྱུང་ཆེན་མོ>>ཤིང་དཔར་མའི་ཤོག་གྲངས༡༥༨ནས༡༦༤བར་གསལ་བས་དེར་གཟིགས། (མཁན་ཆེན་དེའི་ཡང་སྲིད་སྐོར་བོད་ཀྱི་སྤྲུལ་སྐུ་རྣམ་གསུམ་གྲས་སླེ་ལུང་རྗེ་དྲུང་རིན་པོ་ཆེ་སྐུ་ཕྲེང་རིམ་བྱོན་རྣམས་ཡིན་པར་གྲགས)

language:
Tibetan

2. Thupten Phuntsok Dictionary

ཡོངས་གྲགས་སུ་ལྷོ་བྲག་མཁན་ཆེན་ནམ་མཁའ་རྒྱལ་མཚན་ཞེས་བརྗོད་སྲོལ་ཡོད། ཤུད་བུའི་རིགས་སུ་རབ་བྱུང་ལྔ་པའི་མེ་སྟག (༡༣༢༦) ལོར་ཡབ་སློབ་དཔོན་ནམ་མཁའ་བཟང་པོ་དང་ཡུམ་རིན་ཆེན་རྒྱན་གཉིས་ཀྱི་སྲས་སུ་འཁྲུངས། དགུང་ལོ་དོན་དྲུག་པ་རབ་བྱུང་བདུན་པའི་ལྕགས་སྦྲུལ (༡༤༠༡) ལོར་སྐུ་གཤེགས།

language:
Tibetan