Skip to main content Skip to search
mkhan chen dpal ldan chos skyong
ID:
T225823
  • མཁན་ཆེན་དཔལ་ལྡན་ཆོས་སྐྱོང (Tibetan, Tibetan script, Original)
    • > mkhan chen dpal ldan chos skyong (Tibetan, Latin script, Transliteration-THL Extended Wylie Transliteration)
    • > khenchen palden chökyong (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. Thupten Phuntsok Dictionary

གཙང་ངོར་དགོན་ཨེ་ཝཾ་ཆོས་ལྡན་གྱི་གདན་རབས་སོ་བཞི་པ་ཡིན། རབ་བྱུང་བཅུ་གཉིས་པའི་ཆུ་རྟ་སྤྱི་ལོ་༡༧༠༢ལོར་ཨེ་ཝཾ་ཆོས་ལྡན་གྱི་བྱ་འདབས་དཔེ་རོང་ཟུར་ཁང་ཞེས་པར་འཁྲུངས། མཁན་ཆེན་བསོད་ནམས་དཔལ་ལྡན་དང་། བསོད་ནམས་བཟང་པོ་སོགས་རིས་སུ་མ་ཆད་པའི་བཤེས་གཉེན་བཅུ་ཕྲག་གཉིས་ཙམ་བསྟེན་ནས་མདོ་སྔགས་རིག་གནས་དང་བཅས་པར་མཁས་ཤིང་གྲུབ་པ་བརྙེས་པའི་སྐྱེས་བུ་དམ་པར་གྲགས་ཤིང་གྲུབ། དགུང་ལོ་བཅུ་དགུ་པར་མཁན་ཆེན་བསོད་ནམས་བཟང་པོ་ལས་བསྙེན་པར་རྫོགས། དགུང་ལོ་ཧྲིལ་པོ་སོ་གཅིག་པ་ཆུ་གླང་སྤྱི་ལོ་༡༧༣༣ལོར་རྡོ་རྗེ་འཆང་གི་ཁྲིར་ཕེབས། གདན་ས་ལོ་བདུན་མཛད། སྡེ་དགེ་ཆོས་རྒྱལ་ཆེན་པོའི་དབུ་བླ་མཛད་པ་སོགས་བསྟན་འགྲོའི་དོན་རླབས་པོ་ཆེའི་སྒོ་ནས་གདུལ་བྱ་དཔག་ཏུ་མེད་པ་སྨིན་པར་མཛད། འདས་ལོ་མི་གསལ།

language:
Tibetan