- mkhan chen blo bzang grags pa
- ID:
- T225825
- མཁན་ཆེན་བློ་བཟང་གྲགས་པ (Tibetan, Tibetan script, Original)
- > mkhan chen blo bzang grags pa (Tibetan, Latin script, Transliteration-THL Extended Wylie Transliteration)
- > khenchen lo zang drakpa (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. dung dkar bod rig pa'i tshig mdzod chen mo
(སྣར་ཐང་གི་མཁན་རབས་བཅུ་གཉིས་པ་ཡིན)ཡོངས་གྲགས་སུ་མཆིམས་བློ་བཟང་གྲགས་པ་ཞེས་བརྗོད་སྲོལ་ཡོད། མྱང་སྟོད་སྨོན་འགྲོའི་ཁའུར་མཆིམས་ཀྱི་རིགས་སུ་རབ་བྱུང་ལྔ་པའི་ས་ཕག(༡༢༩༩)ལོར་འཁྲུངས། མཁན་ཆེན་གྲགས་པ་བརྩོན་འགྲུས་དང༌། གྲགས་པ་ཤེས་རབ། རྒྱང་རོ་བྱང་ཆུབ་འབུམ་ལ་སོགས་པའི་བླ་མ་མང་པོ་བསྟེན་ནས་མདོ་སྔགས་ཀྱི་ཆོས་རྒྱ་ཆེར་གསན། དགུང་ལོ་སོ་དགུ་པ་རབ་བྱུང་དྲུག་པའི་མེ་གླང(༡༣༣༧)ལོར་སྣར་ཐང་གི་མཁན་པོའི་ཁྲིར་ཕེབས་ནས་ལོ་སུམ་ཅུ་སོ་དགུ་བར་བསྐྱངས་ཏེ། འཆད་རྩོད་རྩོམ་གསུམ་གྱི་སྒོ་ནས་བསྟན་འགྲོའི་དོན་རྒྱ་ཆེར་མ། ཛད། ཆོས་རྗེ་དོན་གྲུབ་རིན་ཆེན་མདོ་སྨད་དུ་ཕེབས་ཁར་བྱ་ཁྱུང་ན་ཤ་སྦྲང་དགོན་པ་ཐོབ། སློབ་མ་ཁྱེའུ་ངོ་མཚར་ཅན་ཞིག་འོང་བས། དེ་ལ་ངའི་མིང་འདི་བཏགས་ནས་གཅེས་པར་སྐྱོངས་ཤིག་ཅེས་ལུང་བསྟན་པ་ལྟར་ཆོས་རྗེས་ཀྱང་རྗེ་ཙོང་ཁ་པ་ལ་མཁན་ཆེན་གྱི་མཚན་དེ་རང་འདོགས་པར་མཛད། མཁན་ཆེན་འདིས་མཁན་པོ་མཛད་རིང་སྣར་ཐང་དགོན་པར་ཤ་ཁྲིམས་དང་ནག་ཁྲིམས་དམ་པར་མཛད། དགུང་ལོ་དོན་བདུན་པ་རབ་བྱུང་དྲུག་པའི་ཤིང་ཡོས(༡༣༧༥)ལོར་སྐུ་གཤེགས། གདུང་རྟེན་བཀྲ་ཤིས་སྒོ་མང་ཆེན་པོ་ཞིག་བཞེངས་པ་སྔར་སྣར་ཐང་གི་རྟེན་གྲས་སུ་བཞུགས། རྣམ་ཐར་ལོ་རྒྱུས་མདོར་བསྡུས་ཙམ་ལས་ཞིབ་པ་མ་རྙེད།
- language:
- Tibetan
2. Thupten Phuntsok Dictionary
(སྣར་ཐང་གི་མཁན་རབས་བཅུ་གཉིས་པ་ཡིན) ཡོངས་གྲགས་སུ་མཆིམས་བློ་བཟང་གྲགས་པ་ཞེས་བརྗོད་སྲོལ་ཡོད། མྱང་སྟོད་སྨོན་འགྲོའི་ཁ་འུར་མཆིམས་ཀྱི་རིགས་སུ་རབ་བྱུང་ལྔ་པའི་ས་ཕག (༡༢༩༩) ལོར་འཁྲུངས། དགུང་ལོ་དོན་བདུན་པ་རབ་བྱུང་དྲུག་པའི་ཤིང་ཡོས (༡༣༧༥) ལོར་སྐུ་གཤེགས། གདུང་རྟེན་བཀྲ་ཤིས་སྒོ་མང་ཆེན་པོ་ཞིག་བཞེངས་པ་སྔར་སྣང་ཐང་གི་རྟེན་གྲས་སུ་བཞུགས།
- language:
- Tibetan