- mkhan chen bsod nams mchog grub
- ID:
- T225827
- མཁན་ཆེན་བསོད་ནམས་མཆོག་གྲུབ (Tibetan, Tibetan script, Original)
- > mkhan chen bsod nams mchog grub (Tibetan, Latin script, Transliteration-THL Extended Wylie Transliteration)
- > khenchen sönam chok drub (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. dung dkar bod rig pa'i tshig mdzod chen mo
(སྣརཐང་དགོན་པའི་མཁན་རབས་བཅོ་ལྔ་པ་ཡིན)གཙང་ཁུལ་གྱི་ཤབ་དགེ་སྡིངས་སུ་ཟུར་གྱི་རིགས་ལས་རབ་བྱུང་བདུན་པའི་ས་ཡོས(༡༣༩༩)ལོར་འཁྲུངས། གཞོན་ནུའི་དུས་ནས་མཁན་ཆེན་གྲུབ་པ་ཤེས་རབ་དང༌། སློབ་དཔོན་ཆོས་ལྡན་སྐལ་བཟང་སོགས་ཀྱི་དྲུང་དུ་རབ་ཏུ་བྱུང་སྟེ། མཚན་ལ་བསོད་ནམས་མཆོག་གྲུབ་ཅེས་གསོལ། དགུང་ལོ་ཉི་ཤུ་པ་ལ་མཁན་པོ་དེ་ཉིད་ཀྱི་དྲུང་དུ་བསྙེན་རྫོགས་བཞེས། མཁན་ཆེན་གོང་མ་རྣམ་གཉིས་ཀྱི་དྲུང་ནས་བཀའ་གདམས་ཀྱི་ཆོས་སྐོར་རྣམས་ཆ་ཚང་བར་གསན། གཞན་ཡང་གྲུབ་ཆེན་བསོད་ནམས་བློ་གྲོས་དང༌། རྗེ་ཙོང་ཁ་པ། རྗེ་བཙུན་ཤེས་རབ་སེང་གེ། མཁས་གྲུབ་རིན་པོ་ཆེ་དགེ་ལེགས་དཔལ་བཟང་སོགས་བླ་མ་མང་པོའི་དྲུང་ནས་མདོ་སྔགས་ཀྱི་ཆོས་རྒྱུན་མཐའ་ཡས་པ་གསན། དགུང་ལོ་ཉི་ཤུ་པ་ས་ཁྱི་(༡༤༡༨)ལོར་སྣར་ཐང་གི་མཁན་པོའི་ཁྲིར་ཕེབས་ནས་ལོ་བཅུ་དྲུག་གི་རིང་བསྐྱངས། དེ་ནས་ཉེ་གནས་ཀྱིས་དགོངས་པ་དཀྲུགས་པར་བརྟེན་དབུས་སུ་བྱོན་ནས་ཕག་གྲུ་བཀའ་བརྒྱུད་ཀྱི་གདན་སའི་མཁན་འཛིན་མཛད་ཅིང༌། ཕག་གྲུ་སྡེ་སྲིད་དབང་གྲགས་པ་རྒྱལ་མཚན་གྱི་བླ་མཆོད་ཀྱང་གནང༌། གསུང་རྩོམ་ཁག་མང་པོ་ཞིག་ཡོད་ཚུལ<<བཀའ་གདམས་ཆོས་འབྱུང>>ལས་གསལ་ཡང་དཀར་ཆག་ཁག་ཏུ་མི་གསལ་བས་འཚོལ་དགོས། དགུང་ལོ་ང་ལྔ་པ་རབ་བྱུང་བརྒྱད་པའི་ཆུ་སྤྲེལ(༡༤༥༢)ལོར་ཕག་གྲུའི་གདན་ས་རང་དུ་སྐུ་གཤེགས། རྣམ་ཐར་ལོ་རྒྱུས་སྐོར་ལས་ཆེན་ཀུན་དགའ་རྒྱལ་མཚན་གྱིས་མཛད་པའི<<བཀའ་གདམས་ཆོས་འབྱུང>>ཤིང་དཔར་མའི་ཤོག་གྲངས༢༥༧ནས༢༥༨བར་གསལ།
- language:
- Tibetan
2. Thupten Phuntsok Dictionary
(སྣང་ཐང་དགོན་པའི་མཁན་རབས་བཅོ་ལྔ་པ་ཡིན) གཙང་ཁུལ་གྱི་ཤབ་དགེ་སྡིངས་སུ་ཟུར་གྱི་རིགས་ལས་རབ་བྱུང་བདུན་པའི་ས་ཡོས (༡༣༩༩) ལོར་འཁྲུངས། དགུང་ལོ་ང་ལྔ་པ་རབ་བྱུང་བརྒྱད་པའི་ཆུ་སྤྲེལ (༡༤༥༢) ལོར་ཕག་གྲུའི་གདན་ས་རང་དུ་སྐུ་གཤེགས།
- language:
- Tibetan