- mkhan chen bslab gsum rgyal mtshan
- ID:
- T225829
- མཁན་ཆེན་བསླབ་གསུམ་རྒྱལ་མཚན (Tibetan, Tibetan script, Original)
- > mkhan chen bslab gsum rgyal mtshan (Tibetan, Latin script, Transliteration-THL Extended Wylie Transliteration)
- > khenchen lab sum gyaltsen (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. dung dkar bod rig pa'i tshig mdzod chen mo
གདན་ས་ཆེན་པོ་ཞྭ་ལུའི་མཁན་རབས་ཕྱི་མའི་མཁན་པོའི་གྲས་སུ་ཕེབས་པས་མཁན་ཆེན་ཞེས་ཞུ་བ་ཡིན། འུ་ཡུག་གེ་སྡིངས་མ་དང་ཁད་ཉེ་བའི་ས་ཆར་ཡབ་རྒྱ་ལྷ་དང༌། ཡུམ་སྒྲོལ་མ་གཉིས་ཀྱི་སྲས་སུ་རབ་བྱུང་དགུ་པའི་མེ་ཁྱི(༡༥༢༦)ལོར་འཁྲུངས། མཚན་གཞན་མཁན་ཆེན་སྡིངས་མ་བ་ཡང་ཟེར། ཡབ་ཡུམ་གཉིས་ཀྱིས་མཚན་ལ་མཚོ་རྒྱལ་ཞེས་གསོལ། ལོ་ཚད་ལོན་པ་ན་རམ་སྡིངས་མ་བའི་མཁན་པོ་འགའ་ཚེ་བའི་དྲུང་དུ་རབ་བྱུང་མཛད། མཚན་ལ་བསླབ་གསུམ་རྒྱལ་མཚན་ཞེས་གསོལ། དེ་ནས་འབྲས་ཡུལ་སྐྱེད་ཚལ་དུ་གཞུང་ཆེན་མོའི་སློབ་གཉེར་མཛད་པས་ལེགས་པར་མཁྱེན། དགུང་ལོ་ཞེ་བཞི་པ་ས་སྦྲུལ(༡༥༦༩)ལོར་བོ་དོང་བྱ་གཤོངས་སུ་འཇམ་དབྱངས་སངས་རྒྱས་རྒྱལ་མཚན་གྱིས་མཁན་པོ་མཛད་ནས་བསྙེན་རྫོགས་གནང༌། ལོ་དེར་བོ་དོང་ཨེའི་དགོན་པའི་མཁན་པོར་ཕེབས། དགུང་ལོ་ང་གཉིས་པ་མེ་གླང་(༡༥༧༧)ལོར་བོ་དོང་གི་སྒྲུབ་སྡེར་སྐུ་གཤེགས། ལོ་རྒྱུས་རྣམ་ཐར་སྐོར་མཁན་ཆེན་བསླབ་གསུམ་རྒྱལ་མཚན་གྱི་རྣམ་ཐར་ཁྱབ་བདག་དབང་ཕྱུག་རབ་བརྟན་གྱིས་མཛད་པ་ཁ་བྱང་དུ<<རྗེ་བཙུན་སྡིངས་མ་བ་ཆེན་པོའི་རྣམ་ཐར་བྱིན་རླབས་ཀྱི་ཆུ་གཏེར>>ཤིང་དཔར་མ་ལ་ཤོག་གྲངས༡༤ཡོད་ཅིང༌། དེ་ལས་བསྡུས་པ་ཞ་ལུ་མཁན་ཆེན་བློ་གསལ་བསྟན་སྐྱོང་གིས་མཛད་པའི<<ཞ་ལུའི་ཆོས་འབྱུང>>ཤིང་དཔར་མ་ཤོག་གྲངས༡༤༦ནས༡༤༧བར་གསལ།
- language:
- Tibetan
2. Thupten Phuntsok Dictionary
གདན་ས་ཆེན་པོ་ཞྭ་ལུའི་མཁན་རབས་ཕྱི་མའི་མཁན་པོའི་གྲས་སུ་ཕེབས་པས་མཁན་ཆེན་ཞེས་ཞུ་བ་ཡིན། འུ་ཡུག་གི་སྡིངས་མ་དང་ཁད་ཉེ་བའི་ས་ཆར་ཡབ་རྒྱ་ལྷ་དང་། ཡུམ་སྒྲོལ་མ་གཉིས་ཀྱི་སྲས་སུ་རབ་བྱུང་དགུ་པའི་མེ་ཁྱི (༡༥༢༦) ལོར་འཁྲུངས། དགུང་ལོ་ང་གཉིས་པ་མེ་གླང (༡༥༧༧) ལོར་བོ་དོང་གི་སྒྲུབ་སྡེར་སྐུ་གཤེགས།
- language:
- Tibetan