- mkha' 'gro lnga'i dkyil 'khor
- ID:
- T225846
- མཁའ་འགྲོ་ལྔའི་དཀྱིལ་འཁོར (Tibetan, Tibetan script, Original)
- > mkha' 'gro lnga'i dkyil 'khor (Tibetan, Latin script, Transliteration-THL Extended Wylie Transliteration)
- > khandro ngé kyilkhor (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. dung dkar bod rig pa'i tshig mdzod chen mo
དཔལ་འཁོར་ལོ་བདེ་མཆོག་གི་བཤད་རྒྱུད<<རྡོ་རྗེ་གུར>>ལས་རིགས་བསྡུས་དང་རིགས་རྐྱང་གཉིས་གསུངས་པའི་ནང་ཀསེས་རིགས་བསྡུས་མཁའ་འགྲོ་ལྔའི་དཀྱིལ་འཁོར་སྟེ། དབུས་སུ་རྡོ་རྗེ་མཁའ་འགྲོ་ཡབ་ཡུམ། ཤར་དུ་སངས་རྒྱས་མཁའ་འགྲོལྷོར་རིན་ཆེན་མཁའ་འགྲོནུབ་ཏུ་པདྲ་མཁའ་འགྲོ། བྱང་དུ་ལས་ཀྱི་མཁའ་འགྲོ་བཅས་གཙོ་འཁོར་ལྔ་ཡོད་པའི་དཀྱིལ་འཁོར་སྟེ་རྒྱལ་རྩེའི་དཔལ་འཁོར་ཆོས་སྡེའི་གཙུག་ལག་ཁང་གི་སྟེང་ཐོག་གཞལ་ཡས་ཆེན་མོའི་ཤར་ངོས་ཀྱི་དཀྱིལ་འཁོར་ཆེ་བ་དང་པོ་དེ་ཡིན།
- language:
- Tibetan
2. Thupten Phuntsok Dictionary
དཔལ་འཁོར་ལོ་བདེ་མཆོག་གི་བཤད་རྒྱུད་རྡོ་རྗེ་གུར་ལས་རིགས་བསྡུས་དང་རིགས་རྐྱང་གཉིས་གསུངས་པའི་ནང་གསེས་རིགས་བསྡུས་མཁའ་འགྲོ་ལྔའི་དཀྱིལ་འཁོར་སྟེ། དབུས་སུ་རྡོ་རྗེ་མཁའ་འགྲོ་ཡབ་ཡུམ། ཤར་དུ་སངས་རྒྱས་མཁའ་འགྲོ། ལྷོར་རིན་ཆེན་མཁའ་འགྲོ། ནུབ་ཏུ་པདྨ་མཁའ་འགྲོ། བྱང་དུ་ལས་ཀྱི་མཁའ་འགྲོ་བཅས་གཙོ་འཁོར་ལྔ་ཡོད་པའི་དཀྱིལ་འཁོར་སྟེ་རྒྱལ་རྩེའི་དཔལ་འཁོར་ཆོས་སྡེའི་གཙུག་ལག་ཁང་གི་སྟེང་ཐོག་གཞལ་ཡས་ཆེན་མོའི་ཤར་ངོས་ཀྱི་དཀྱིལ་འཁོར་ཆེ་བ་དང་པོ་དེ་ཡིན།
- language:
- Tibetan