Skip to main content Skip to search
mkha' 'gro ma su kha sid+d+hi
ID:
T225849
  • མཁའ་འགྲོ་མ་སུ་ཁ་སིདྡྷི (Tibetan, Tibetan script, Original)
    • > mkha' 'gro ma su kha sid+d+hi (Tibetan, Latin script, Transliteration-THL Extended Wylie Transliteration)
    • > khandroma sukha siddhi (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. dung dkar bod rig pa'i tshig mdzod chen mo

ཁ་ཆེའི་ཡུལ་གྱི་གྲོང་ཁྱེར་ཁྲི་བརྟན་དུ་བཟའ་མི་བདུན་ལ་རྒྱགས་སུ་འབྲས་བུམ་པ་གང་ལས་མེད་པ་ཞིག་གི་ཁྱིམ་ཚང་གི་རྒན་མོ་ཡིན། ཉིན་གཅིག་སྤྲུལ་པའི་དགེ་སློང་ཞིག་བྱུང་བ་ལ་འབྲས་བུམ་པ་གང་པོ་དེ་ཕུལ་བས། ཁྱིམ་གྱི་ནང་མི་ཀུན་གྱིས་རྒན་མོ་ཁྱིམ་ནས་ཕུད། དེ་དུས་ལོ་ལྔ་བཅུ་ང་དགུ་ལོན། དེ་ནས་ཨུ་རྒྱན་གྱི་ཡུལ་དུ་ཕྱིན་ནས་འབྲས་བརྔ་མཁན་ཚོར་འབྲས་སློང་པས་ཁལ་གཅིག་བྱུང་བ་དེས་འབྲས་ཆང་བཟོས་ནས་བཙོངས་པས་ཡང་བསྐྱར་འབྲས་མང་པོ་བྱུང་སྟེ་ལོ་གཅིག་རིང་ཆང་འཚོང་མ་བྱས། དེ་སྐབས་གྲུབ་ཆེན་བིར་ཝ་པ་གསང་བའི་སྤྱོད་པ་མཛད་ནས་བཞུགས་ཡོད་པ་དེར་དམ་ཚིག་གི་རྫས་སུ་ཆང་རིན་མི་དགོས་པར་བྱས་ཏེ་ཆང་བུམ་པ་རེ་ནམ་དགོས་སུ་ཕུལ་བས། ཉིན་གཅིག་གྲུབ་ཆེན་གྱིས་རྒན་མོར་དབང་བསྐུར་ཞིང་མན་ངག་རྣམས་གནང་ནས་ཡེ་ཤེས་ཀྱི་མཁའ་འགྲོ་མ་གཞོན་ནུ་ལང་ཚོ་ལྡན་པ་ཞིག་ཏུ་གྱུར་པའི་ལོ་རྒྱུས་ཡོད་པ་དེ་ཡིན། འདིའི་ལོ་རྒྱུས<<ཤངས་པ་བཀའ་བརྒྱུད་གསེར་ཕྲེང>>ལེ་ཚན[ཀ]པ<<མཁས་གྲུབ་ཁྱུང་པོ་རྣལ་འབྱོར་གྱི་རྣམ་ཐར>>དབུ་མེད་བྲིས་མའི་ཤོག་གྲངས༡༧ནས༡༨བར་ཡོད།

language:
Tibetan

2. Thupten Phuntsok Dictionary

ཁ་ཆེའི་ཡུལ་གྱི་གྲོང་ཁྱེར་ཁྲི་བརྟན་དུ་བཟའ་མི་བདུན་ལ་རྒྱགས་སུ་འབྲས་བུམ་པ་གང་ལས་མེད་པ་ཞིག་གི་ཁྱིམ་ཚང་གི་རྒན་མོ་ཡིན། ཉིན་གཅིག་སྤྲུལ་པའི་དགེ་སློང་ཞིག་བྱུང་བ་ལ་འབྲས་བུམ་པ་གང་པོ་དེ་ཕུལ་བས། ཁྱིམ་གྱི་ནང་མི་ཀུན་གྱིས་རྒན་མོ་ཁྱིམ་ནས་ཕུད། དེ་དུས་ལོ་ལྔ་བཅུ་ང་དགུ་ལོན། དེ་ནས་ཨུ་རྒྱན་གྱི་ཡུལ་དུ་ཕྱིན་ནས་འབྲས་བརྔ་མཁན་ཚོར་འབྲས་སློང་པས་ཁལ་གཅིག་བྱུང་བ་དེས་འབྲས་ཆང་བཟོས་ནས་བཙོངས་པས་ཡང་བསྐྱར་འབྲས་མང་པོ་བྱུང་སྟེ་ལོ་གཅིག་རིང་ཆང་འཚོང་མ་བྱས། དེ་སྐབས་གྲུབ་ཆེན་བིར་ཝ་པ་གསང་བའི་སྤྱོད་པ་མཛད་ནས་བཞུགས་ཡོད་པ་དེར་དམ་ཚིག་གི་རྫས་སུ་ཆང་རིན་མི་དགོས་པར་བྱས་ཏེ་ཆང་བུམ་པ་རེ་ནམ་དགོས་སུ་ཕུལ་བས། ཉིན་གཅིག་གྲུབ་ཆེན་གྱིས་རྒན་མོར་དབང་བསྐུར་ཞིང་མན་ངག་རྣམས་གནང་ནས་ཡེ་ཤེས་ཀྱི་མཁའ་འགྲོ་མ་གཞོན་ནུ་ལང་ཚོ་ལྡན་པ་ཞིག་ཏུ་གྱུར་པའི་ལོ་རྒྱུས་ཡོད་པ་དེ་ཡིན།

language:
Tibetan