Skip to main content Skip to search
mkha' lding dgra
ID:
T225854
  • མཁའ་ལྡིང་དགྲ (Tibetan, Tibetan script, Original)
    • > mkha' lding dgra (Tibetan, Latin script, Transliteration-THL Extended Wylie Transliteration)
    • > khading dra (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. Thupten Phuntsok Dictionary

ནུས་པ་ལ་བལྟོས་ནས་བཏགས་པའི་ཀོ་བྱི་ལའི་མིང་གི་རྣམ་གྲངས་ཤིག་སྟེ། གྲུབ་ཆེན་ཨོ་རྒྱན་པ་རིན་ཆེན་དཔལ་གྱིས་མཛད་པའི་དངུལ་ཆུའི་ཞལ་གདམས་ལས། མཁའ་ལྡིང་དགྲ་ཞེས་ཀོ་བྱི་ལའི་མིང་ཡིན་ཏེ། དེ་ལ་ཅིའི་ཕྱིར་མཁའ་ལྡིང་དགྲ་ཞེས་ཟེར་ན། ཀོ་བྱི་ལ་དུག་མ་བཏོན་པའི་སྤུ་བཞར་ནས་ཟན་དང་ལྷན་དུ་སྦྱར་ཏེ་བྱ་རོག་ལ་བྱིན་ན་དེའི་ནུས་པས་བྱ་རོག་མྱོས་ནས་འཕུར་མི་ཤེས་པར་འགྱུར་བས་སོ། །གཞན་དུ་བྱ་འཕུར་ལེབ་ཟེར་བ་ཡང་དེ་དོན་ནོ། །ཞེས་གསུངས་པ་ལྟར་རོ། །

language:
Tibetan