Skip to main content Skip to search
mkhar dgu brgya dang dgu bcu rtsa dgu
ID:
T225869
  • མཁར་དགུ་བརྒྱ་དང་དགུ་བཅུ་རྩ་དགུ (Tibetan, Tibetan script, Original)
    • > mkhar dgu brgya dang dgu bcu rtsa dgu (Tibetan, Latin script, Transliteration-THL Extended Wylie Transliteration)
    • > khar gupgya dang gupchu tsagu (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. dung dkar bod rig pa'i tshig mdzod chen mo

འདི་ལ་དེང་སང་ཡོངས་གྲགས་སུ་བཙན་པོ་སྲོང་བཙན་སྒམ་པོའི་སྐབས་ཀྱི་ཕོ་བྲང་པོ་ཏཱ་ལ་དེར་ཁང་མིག་དགུ་བརྒྱ་དང་དགུ་བཅུ་རྩ་དགུ་ཡོད་པ་དང་རྩེ་ཐོག་གི་ཁང་མིག་གཅིག་བཅས་བསྡོམས་པའི་ཁང་མིག་སྟོང་ཕྲག་གཅིག་ཡོད་པའི་གོ་བ་ལེན་གྱི་ཡོད་པ་དེ་གཞིར་བཟུང་ན། ཐོག་སོ་བཅུ་གཅིག་དང༌། ཐོག་སོ་དགུ་ལ་ཐོག་སོ་རེར་ཁང་མིག་བརྒྱ་རེ། ཐོག་སོ་བཅུ་པར་ཁང་མིག་དགུ་བརྒྱ་དགུ་བཅུ་གོ་དགུ་རྩེ་ཐོག་གི་ཁང་མིག་བཅས་སྟོང་ཡོད་པར་རྩི་དགོས་པས་དམར་པོ་རིའི་ལྡེབས་སུ་ཐོག་སོ་རེར་ཁང་མིག་བརྒྱ་ཡོད་པའི་རྒྱ་ཁྱོན་དེ་འདྲ་རང་སྐབས་དེར་ཡོད་མི་སྲིད། ཁོ་བོའི་བསམ་པར་མངའ་བདག་༡ང་ཉི་མ་འོད་ཟེར་གྱིས་མཛད་པའི<<ཆོས་འབྱུང་མེ་ཏོག་སྙིང་པོ>>ལྕགས་དཔར་མའི་ཤོག་གྲངས༢༠༧པར་ལྕགས་རིའི་ནང་ན་གྲོང་ཁྱེར་ཆེན་པོ་དེ་ལ་མཁར་དགུ་བརྒྱ་དགུ་བཅུ་གོ་དགུརྩེ་མོ་སྟག་དང་སྟོང་ཞེས་གསུངས་པ་འདིར་ཁུངས་དག་གམ་སྙམ་སྟེ། ཆོས་འབྱུང་འདི་མ། ཛད་པ་པོ་མངའ་བདག་མྱང་ནི་དགུང་ལོ་རེ་དགུ་པ་རབ་བྱུང་གསུམ་པའི་ཤིང་བྱི(༡༢༠༤)ལོར་ཁ་ཆེ་པཎ་ཆེན་ཤཱཀྱ་ཤི་བོད་དུ་མ་བྱོན་གོང་ཙམ་དུ་སྐུ་གཤེགས་པས་ལོ་རྒྱུས་ཁུངས་བཙུན་ཡིན་པར་སྣང༌།

language:
Tibetan

2. Thupten Phuntsok Dictionary

འདི་ལ་དེང་སང་ཡོངས་གྲགས་སུ་བཙན་པོ་སྲོང་བཙན་སྒམ་པོའི་སྐབས་ཀྱི་ཕོ་བྲང་པོ་ཏཱ་ལ་དེར་ཁང་མིག་དགུ་བརྒྱ་དང་དགུ་བཅུ་རྩ་དགུ་ཡོད་པ་དང་རྩེ་ཐོག་གི་ཁང་མིག་གཅིག་བཅས་བསྡོམས་པའི་ཁང་མིག་སྟོང་ཕྲག་གཅིག་ཡོད་པའི་གོ་བ་ལེན་གྱི་ཡོད་པ་དེ་གཞིར་བཟུང་ན། ཐོག་སོ་བཅུ་གཅིག་དང་། ཐོག་སོ་དགུ་ལ་ཐོག་སོ་རེར་ཁང་མིག་བརྒྱ་རེ། ཐོག་སོ་བཅུ་པར་ཁང་མིག་དགུ་བརྒྱ་དགུ་བཅུ་གོ་དགུ་རྩེ་ཐོག་གི་ཁང་མིག་བཅས་སྟོང་ཡོད་པར་རྩི་དགོས། ཆོས་འབྱུང་མེ་ཏོག་སྙིང་པོ་ལས། རིའི་ནང་ན་གྲོང་ཁྱེར་ཆེན་པོ་དེ་ལ་མཁར་དགུ་བརྒྱ་དགུ་བཅུ་གོ་དགུ རྩེ་མོ་སྟག་དང་སྟོང་ཞེས་གསུངས།

language:
Tibetan