- mkhar sngon po
- ID:
- T225875
- མཁར་སྔོན་པོ (Tibetan, Tibetan script, Original)
- > mkhar sngon po (Tibetan, Latin script, Transliteration-THL Extended Wylie Transliteration)
- > khar ngönpo (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. dung dkar bod rig pa'i tshig mdzod chen mo
ནང་སོག་ཁུལ་དུ་ཡོད་པའི་གནའ་རབས་གྲོང་ཁྱེར་ཞིག་གི་མིང་སྟེ། དེང་སང་ཧུ་ཧོ་ཧའོ་ཐེ(呼和浩特)ཟེར་བ་དེ་ཡིན། རྨ་ཆུའི་ཡན་ལག་གཙང་པོ་ནག་པོ་འབབ་སའི་རྒྱུད་ཀྱི་བྱང་ངོས། ཅིང་པའོ་ལྕགས་ལམ་གྱི་ལམ་བརྒྱུད་ཁེལ་སར་ཡོད་ཅིང༌། ནང་སོག་རང་སྐྱོང་ལྗོངས་ཡོངས་ཀྱི་ཆབ་སྲིད། དཔལ་འབྱོར། རིག་གནས། འགྲིམ་འགྲུལ་བཅས་ཀྱི་ལྟེ་གནས་ཡིན་པ་དང༌། འཁེལ་འཐག ལྷམ་བཟོ། མངར་ཆ། འཕྲུལ་འཁོར། ངར་ལྕགས། འཛུགས་སྐྲུན་རྒྱུ་ཆ། ཕྱུགས་ཐོན་དངོས་ཟོག་ལས༌སྣོན་བཅས་ཕྱོགས་བསྡུས་རང་བཞིན་ཅན་གྱི་བཟོ་ལས་གྲོང༌ཁྱེར་ཡིན་པ་མ་ཟད། རང་རྒྱལ་གྱི་བཟོ་ལས་ཀྱི་གལ་ཆེའི་ལྟེ༌གནས་ཞིག་ཀྱང་ཡིན། །
- language:
- Tibetan
2. Thupten Phuntsok Dictionary
ནང་སོག་ཁུལ་དུ་ཡོད་པའི་གནའ་རབས་གྲོང་ཁྱེར་ཞིག་གི་མིང་སྟེ། དེང་སང་ཧུ་ཧོ་ཧའོ་ཐེ་ཟེར་བ་དེ་ཡིན། རྨ་ཆུའི་ཡན་ལག་གཙང་པོ་ནག་པོ་འབབ་སའི་རྒྱུད་ཀྱི་བྱང་ངོས། ཅིང་པའོ་ལྕགས་ལམ་གྱི་ལམ་བརྒྱུད་ཁེལ་སར་ཡོད་ཅིང་། ནང་སོག་རང་སྐྱོང་ལྗོངས་ཡོངས་ཀྱི་ཆབ་སྲིད། དཔལ་འབྱོར། རིག་གནས། འགྲིམ་འགྲུལ་བཅས་ཀྱི་ལྟེ་གནས་ཡིན་པ་དང་། འཁེལ་འཐག ལྷམ་བཟོ། མངར་ཆ། འཕྲུལ་འཁོར། ངར་ལྕགས། འཛུགས་སྐྲུན་རྒྱུ་ཆ། ཕྱུགས་ཐོན་དངོས་ཟོག་ལས་སྣོན་བཅས་ཕྱོགས་བསྡུས་རང་བཞིན་ཅན་གྱི་བཟོ་ལས་གྲོང་ཁྱེར་ཡིན་པ་མ་ཟད། རང་རྒྱལ་གྱི་བཟོ་ལས་ཀྱི་གལ་ཆེའི་ལྟེ་གནས་ཞིག་ཀྱང་ཡིན།
- language:
- Tibetan