Skip to main content Skip to search
mkhal rtsa rkang 'degs
ID:
T225907
  • མཁལ་རྩ་རྐང་འདེགས (Tibetan, Tibetan script, Original)
    • > mkhal rtsa rkang 'degs (Tibetan, Latin script, Transliteration-THL Extended Wylie Transliteration)
    • > khal tsa kang dek (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. Thupten Phuntsok Dictionary

བྱེད་ལས་ལ་བལྟོས་ནས་བཏགས་པའི་བརླའི་ཕྱི་སུལ་ན་གནས་པའི་མཁལ་མ་དང་འབྲེལ་བའི་རྩ་དཀར་གྱི་མིང་སྟེ། བཀྲ་འབུམ་པས་མཛད་པའི་རྒྱུད་བཞིའི་དཀའ་འགྲེལ་ལས། མཁལ་རྩ་རྐང་འདེགས་ནི། ལུས་དྲང་པོར་ལངས་པའི་སྐབས་བརླའི་ཕྱི་རོལ་དུ་སུལ་རིས་ཤིག་འབྱུང་བས་དེར་གནས་པའི་མཁལ་མ་དང་འབྲེལ་བའི་རྩ་དཀར་གྱི་མིང་སྟེ། དེས་རྐང་པ་འདེགས་འཇོག་གི་བྱ་བ་ཤས་ཆེར་བྱ་བའི་ཕྱིར་མིང་ཡང་དེ་ལྟར་དུ་གྲགས་སོ། ཞེས་གསུངས་པ་ལྟར་རོ། །

language:
Tibetan