Skip to main content Skip to search
mkhas grub karma chags med
ID:
T225913
  • མཁས་གྲུབ་ཀརྨ་ཆགས་མེད (Tibetan, Tibetan script, Original)
    • > mkhas grub karma chags med (Tibetan, Latin script, Transliteration-THL Extended Wylie Transliteration)
    • > khedrub karma chakmé (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. Thupten Phuntsok Dictionary

རབ་(༡༦༠༩)ལོར་བོད་རྗེའི་གདོང་རྒྱུད་ངོམ་པ་ལྷ་གདུང་ཡབ་སྒས་འཆང་ཨ་ནུའི་པདྨ་དབང་གྲགས་དང་ཡུམ་ཆོས་སྐྱོང་སྐྱིད་གཉིས་ཀྱི་སྲས་སུ་འབྲི་ཟླ་ཟལ་མོ་སྒང་གི་ཆར་བོད་ལྗོངས་ཆབ་མདོ་ས་ཁུལ་གྱི་རྨོག་མདའི་ཉེ་ལོགས་ངོམ་གནས་མདོ་ཁར་སྐུ་འཁྲུངས། ཡབ་ཀྱི་མདུན་ནས་ཡི་གེ་འབྲི་ཀློག་དང་རྙིང་མའི་ཆོས་སྐོར་དབང་ལུང་ཁྲིད་སོགས་གསན། དབུས་ཕྱོགས་སུ་ཕེབས་ནས་རྒྱལ་བ་ཡབ་སྲས་དང་མཇལ། ལྷག་པར་དུ་ཞྭ་དམར་ཆོས་ཀྱི་དབང་ཕྱུག་མདུན་ནས་རབ་ཏུ་བྱུང་། མཚན་ལ་ཀརྨ་ཆགས་མེད་ཞེས་གསོལ། ཟ་དམ་རྡོ་རྗེ་གདན་སོགས་སུ་ཕེབས་ནས་མདོ་སྔགས་རིག་གནས་ཀུན་ལ་སྦྱང་པ་མཐར་ཕྱིན་མཛད། བར་སྐབས་གསར་རྙིང་གི་བླ་སྤྲུལ་ལྔ་བཅུ་ལྷག་ཙམ་ལ་བསྟེན་ནས་འགྲོ་དོན་ཕེབས་བཞུད་མ་གཏོགས་སྐུ་མཚམས་ཁོ་ནར་བཞུགས། གནམ་ཆོས་མི་འགྱུར་རྡོ་རྗེ་དང་། རྫོགས་ཆེན་པདྨ་རིག་འཛིན། དཔལ་ཡུལ་ཀུན་བཟང་ཤེས་རབ། རུ་པ་བརྩོན་འགྲུས་རྒྱ་མཚོ་དང་པདྨ་ཀུན་དགའ་སོགས་སློབ་ཚོགས་གྲངས་ལས་འདས་པ་བསྐྱངས། སྐུ་ཚེ་གང་བོར་གསུང་རྩོམ་ལ་གསར་རྙིང་གི་མདོ་མན་ངག་སྒྲུབ་ཐབས་ཞལ་གདམས་མདོས་ཆོག་གཏོ་རྩིས་ས་རིས་དང་ལག་ལེན་ཆོ་ག་སོགས་པོད་བཅུ་ཕྲག་ཁ་ཤས་བཞུགས། རབ་བྱུང་བཅུ་གཅིག་པའི་ས་རྟ་སྤྱི་ལོ་(༡༦༧༨)ལོའི་ས་ག་ཟླ་བའི་ཚེས་གཅིག་ལ་སྐུ་གཤེགས་སོ། །

language:
Tibetan