Skip to main content Skip to search
mkhas grub chen po dkon mchog seng ge
ID:
T225916
  • མཁས་གྲུབ་ཆེན་པོ་དཀོན་མཆོག་སེང་གེ (Tibetan, Tibetan script, Original)
    • > mkhas grub chen po dkon mchog seng ge (Tibetan, Latin script, Transliteration-THL Extended Wylie Transliteration)
    • > khedrub chenpo könchok sengé (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. dung dkar bod rig pa'i tshig mdzod chen mo

རྗེའདི་ཉིད་རབ་བྱུང་བཅུ་གསུམ་པའི་ས་བྱི(༡༧༦༨)ལོར་ཡབ་སྣང་རའི་བེ་ཧུ་བློ་གྲོས་དང་ཡུམ་སྙིང་མོ་རྒྱལ་གཉིས་ཀྱི་སྲས་སུ་འཁྲུངས། རྗེ་འཇམ་དབྱངས་བཞད་པ་ལས་རབ་བྱུང་དང་དགེ་ཚུལ་བསྐྲུབས། ཆོ་རིག་ཐུ་དཔོན་པོའི་དྲུང་ནས་ཡི་གེ་བསླབས། དེ་ནས་གསོལ་དཔོན་གཙང་སྟོན་པའི་ནང༌། དུ་བཞུགས་ནས་དགེ་རྒན་དུ་བསྟེན། ཐོས་བསམ་གླིང་གི་ཆོས་གྲྭར་རིག་ལམ་ལ་སྦྱངས་པས་རིགས་སྨྲ་རྩེར་སོན། དགུང་ལོ་བཅུ་བདུན་ལ་ཕེབས་པ་ཤིང་འབྲུག་ལོར་རྗེ་འཇམ་དབྱངས་བཞད་པ་མཆོག་གིས་དབུས་ཕྱོགས་སུ་ཁྲིད་ཕེབས། །ལྷ་སར་ཀློང་རྡོལ་བླ་མ་རིན་པོ་ཆེ་ལས་ལམ་རིམ་ཆེ་ཆུང་གི་བཤད་ལུང་སོགས་ཆོས་བཀའ་གང་གནང་ཆག་མེད་གསན་བཞེས་མཛད། རིགས་ལམ་ལ་སྔར་ནས་བྱང་ཞིང་འཛིན་སྐྱོར་སྦྱངས་ལ་ཐུགས་བརྩོན་ཆེ་བས་གསར་པའི་དུས་ནས་སློབ་གཉེར་བ་གྲགས་ཅན་ཞིག་ཏུ་གྱུར། ཏྲེ་བོ་དགེ་བཤེས་སངས་རྒྱས་བཀྲ་ཤིས་དང་མ༡མ་དུ་ཕར་ཕྱིན་དང༌། ཏྲེ་བོ་དགེ་བཤེས་ཚེ་དབང་འབུམ་དང་ལྷན་དུ་འདུལ་བའི་ཚོགས་གླེང་ཡང་གནང༌། སྨོན་ལམ་གྲྭ་སྐོར་སྐབས་སློབ་གཉེར་བ་གྲགས་ཅན་ཡིན་སྟབས་གདན་ས་གསུམ་དང༌། རྒྱུད་གྲྭ་སྟོད་སྨད་ཀྱི་དགེ་བཤེས་དྲེགས་རིགས་ཀྱིས་རིགས་ལུང་བྲག་ཐོག་ནས་ཆུ་འབྱོ་བ་ལྟ་བུ་བྱུང་ཡང་ཁས་ལེན་ལ་སུས་ཀྱང་མ་གནོད་པས་ལྷ་རམས་པའི་ཨང་དང་ཐོན། རྒྱལ་དབང་འཇམ་དཔལ་རྒྱ་མཚོའི་དྲུང་ནས་ཐེག་ཆེན་གསོ་སྦྱོང་གི་སྡོམ་པ་མནོས། ཁྲི་ཆེན་རྒྱལ་རོང་བ་བློ་བཟང་སྨོན་ལམ། ཁྲི་ཆེན་ཏྲེ་བོ། དགེ་བཤེས་ཁྱབ་གདལ་སོགས་རྟོག་ལྡན་མཁས་གྲུབ་དུ་མའི་ཞབས་ལ་གཏུགས་ནས་འགྲེལ་བ་བཞི་སྦྲགས། སྦས་དོན་ཀུན་གསལ་སོགས་གསན་ཅིང༌། ཀླུ་འབུམ་རྭ་རྒོད་དཔོན་སློབ་དོན་གྲུབ་དང༌། དགེ་འཕེལ་གནས་བརྟན་པ་རྣམ་གཉིས་ལས་ནཱ་རོ་ཆོས་དྲུག་གི་༡མས་ཁྲིད་གསན་ཏེ་ལུས་སྦྱོང་རླུང་སྦྱོང་ལ་བསླབས། དབེན་ས་སྙན་བརྒྱུད་ཀྱི་གཅོད་ཐུགས་༡མས་སུ་བཞེས་པས་མཚན་མོ་འགར་སྒོ་མང་ཆོས་གྲྭའི་སེང་གདོང་མའི་གནས་དང༌། འབྲས་སྤུངས་དུར་ཁྲོད་རྣམས་སུ་ལུས་སྦྱིན་བཏང་བར་གཟུགས་མེད་པའི་ལག་པ་འཛིན་ལ་ཁད་ལྟ་བུའི་སྣང་བ་འཁྲུལ་མེད་དུ་བྱུང༌། ས་རྟ(༡༧༩༨)ལོར་དགོན་པར་ཕྱིར་ཕེབས། རབ་བྱུང་བཅུ་བཞི་པའི་ས་སྦྲུལ(༡༨༠༩)ལོར་བཀྲ་ཤིས་འཁྱིལ་གྱི་གདན་རབས་ཉེར་ལྔ་པའི་ཁྲིར་ཕེབས། མཛོད་དཀའ་རམས་ཀྱི་སློབ་གཉེར་མ་བྱས་པ་ལོ་ཉུང་གི་རིགས་གཤམ་དུ་ཕབ་ནས་བསྡུས་ཆུང་ཚུགས། བློ་རིག་དམན་པ་རྣམས་ལ་དཔར་དང་ཡི་གེ་བསླབས། གྲྭ་ཚང་ཁག་ལ་འདོན་རྟ་དབྱངས། ཐིག་རྡུལ་ཚོན། བཅའ་བཟོ། རོལ་མོ་འབུད་དཀྲོལ་སོགས་ལ་གཟིགས་རྟོགས་དང་དོ་དམ་གང་ཞིབ། སྒྲིག་ལམ་ལ་དག་ཐེར་སོགས་མཛད་པས་འཆད་ཉན་གྱིས་ཉིན་མཚན་འདའ་བ་ཞིག་བྱུང༌། རྗེ་ཉིད་ཀྱི་མཁྱེན་ཡོན་འགྲན་ཟླ་དང་བྲལ་རུང་འཆད་ཉན་གྱི་བརྩོན་པ་མི་ལྷོད་པར་དམ་པ་མང་པོ་ལས་ཟབ་ཆོས་མཐའ་ཡས་པ་གསན། གསང་འདུས་འཇམ་རྡོར། འཇམ་དཔལ་གསང་ལྡན། ཐུབ་པ་དམ་ཚིག་གསུམ་བཀོད་རྣམས་ཀྱི་དབང༌། སྒྲུབ་ཐབས་རིན་འབྱུང༌། ནག་པོ་མདའ་འགེང་གི་རྗེས་གནང་སོགས་ཆོས་བཀའ་མང་དུ་གནང༌། ཕྱོགས་ཀྱི་དགོན་ལག་རྣམས་ལ་བླ་མ་ལས་སྣེ་བསྐོ་གཞག ལྷ་སྡེ་གསར་སྒྲིག་དང་སྔར་ཡོད་སོ་སོར་འགོ་དཔོན་འཇོག་འཛུགས་ཀྱིས་མཚོན་བླ་བྲང་ཆེན་མོའི་སྐུ་དོན་ཆེ་ཕྲ་མཐའ་དག་གི་ཁུར་བབས་ཀྱང་ལེ་ཤོར་སྐད་ཅིག་ཀྱང་མེད་པ་གནང༌། དེ་ལྟར་ཆོས་སྲིད་ཀྱི་སྐུ་དོན་གྲྭ་ཟུར་མ་༡མས་པར་ཀུན་གཟིགས་མཆོག་གི་ཕྱག་ཏུ་ཕུལ་ཏེ་ཚོགས་ཆེན་ཁྲི་དང་ཕྱག་མཛོད་ཀྱི་དགོངས་པ་རིམ་ཁྲོལ་གྱིས་ཟུར་བཞུགས་མཛད། དེ་ནས་ཚ་གན་པོ་ཤིང་སོགས་ཡུལ་དགོན་མང་པོར་ཞབས་ཀྱིས་བཅགས་ཏེ་ཆོས་ཀྱི་འཁོར་ལོ་རྒྱ་ཆེར་བསྐོར། ཡུལ་ལུང་འགོ་དཔོན་ཁག་ཕན་ཚུན་འཁོན་སྡང་རྩོད་རྙོག་གི་གླེང་ལང་འཐབ་འཁྲུག་སོགས་བྱུང་བར་རྗེ་གང་གིས་ཞི་མཐུན་ལྷིང་འགྲིག་གི་འདུམ་མང་པོ་མཛད་པས་སྐྱེ་བོའི་བདེ་འཇམ་ལ་ཤིན་ཏུ་སྨན་པ་བྱུང༌། དགུང་ལོ་དྲུག་ཅུ་ལ་ཕེབས་པ་མེ་ཕག(༡༨༢༧)ལོར་གདན་སར་ཕྱིར་ཕེབས་ནས་ཆུ་འབྲུག་བར་ལོ་ལྔའི་རིང་བཅད་རྒྱ་མཛད་དེ་ཐུགས་དམ་འབའ་ཞིག་གནང༌། སྔར་ཀློང་རྡོལ་རིན་པོ་ཆེའི་མ་འོངས་སྔོན་གཟིགས་བྱུང་བ་ཇི་བཞིན་རྗེ་འདི་ལ་སྟོང་ཉིད་ཀྱི་རྟོགས་པ་འཁྲུངས། མཐར་རབ་བྱུང་བཅུ་བཞི་པའི་ཆུ་སྦྲུལ(༡༨༣༣)ལོར་དགོངས་པ་ཆོས་དབྱིངས་སུ་གཤེགས།

language:
Tibetan

2. Thupten Phuntsok Dictionary

རྗེ་འདི་ཉིད་རབ་བྱུང་བཅུ་གསུམ་པའི་ས་བྱི (༡༧༦༨) ལོར་ཡབ་སྣང་རའི་བེ་ཧུ་བློ་གྲོས་དང་ཡུམ་སྙིང་མི་རྒྱལ་གཉིས་ཀྱི་སྲས་སུ་འཁྲུངས། མཐར་རབ་བྱུང་བཅུ་བཞི་པའི་ཆུ་སྦྲུལ (༡༨༣༣) ལོར་སྐུ་གཤེགས།

language:
Tibetan