Skip to main content Skip to search
mkhas grub thar shul ba dge 'dun chos skyong
ID:
T225918
  • མཁས་གྲུབ་ཐར་ཤུལ་བ་དགེ་འདུན་ཆོས་སྐྱོང (Tibetan, Tibetan script, Original)
    • > mkhas grub thar shul ba dge 'dun chos skyong (Tibetan, Latin script, Transliteration-THL Extended Wylie Transliteration)
    • > khedrup tarshulwa gendün chökyong (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. dung dkar bod rig pa'i tshig mdzod chen mo

རྗེ་འདི་ནི་མདོ་སྨད་ཆེ་ཇིའི་ཀླུ་མཁར་དུ་ཡབ་རྡོ་རྗེ་རབ་བརྟན་དང་ཡུམ་དཔལ་འཛོམས་གཉིས་ཀྱི་སྲས་སུ་རབ་བྱུང་བཅུ་བཞི་པ་ལྕགས་རྟ(༡༨༡༠)ལོར་སྐུ་འཁྲུངས། དགུང་ལོ་བདུན་ལ་འདུལ་འཛིན་པ་དགེ་འདུན་ཡར་འཕེལ་གྱི་དྲུང་ནས་དགེ་བསྙེན་དང༌། བར་མ་རབ་བྱུང༌། དགེ་ཚུལ་གྱི་སྡོམ་པ་རྣམས་དཀྱུས་གཅིག་ལ་ཡང་དག་པར་མནོས་ཏེ་མཚན་དགེ་འདུན་ཆོས་སྐྱོང་ཞེས་གསོལ། དགུང་ལོ་བཅུ་བཞིར་བདེ་ཆེན་དགེ་ཚོགས་གླིང་དུ་ཆོས་གྲྭར་ཞུགས། དགེ་བསྙེན་ཆེན་པོ་ངག་དབང་བཟོད་པ་ཡོངས་འཛིན་དུ་བསྟེན་ནས་གཞུང་ཆེན་པོད་ལྔར་གསན་སྦྱངས་མ། ཛད། དགུང་ལོ་ཉི་ཤུར་རྗེ་ངག་དབང་བསྟན་འཛིན་གྱི་དྲུང་ནས་བསྙེན་རྫོགས་ཀྱི་སྡོམ་པ་བཞེས། དགུང་ལོ་ཉེར་བཞིར་རྗེ་ཉིད་ཀྱི་གདན་ས་བདེ་ཆེན་ཆོས་གླིང་གི་ཆོས་ཁྲིར་མངའ་གསོལ། དེ་ནས་གཞུང་བརྒྱ་སྨྲ་བའི་དབང་པོ་ལྷ་རམས་པ་བྱམས་པ་དང་རྗེ་ངག་དབང་བསྟན་འཛིན་གཉིས་ཀྱི་དྲུང་ནས་ལོ་བཞིའི་རིང་མདོ་སྔགས་ཀྱི་ལུང་གསན། དགུང་ལོ་ཉེར་བརྒྱད་ལ་གྲུབ་གནས་ཆོས་ལུང་གསེར་དགོན་གྱི་རི་ཁྲོད་དུ་བཞུགས་ནས་དེའི་རིང་མདོ་སྔགས་ཀྱི་ཆོས་མང་པོ་ཉམས་ལེན་གནང༌། དགུང་ལོ་སོ་བརྒྱད་ལ་ལྷ་སར་ཕེབས། དེའི་ཕྱི་ལོར་མདོ་སྨད་དུ་ཕྱིར་ཕེབས། དགུང་ལོ་ང་བརྒྱད་ནས་བཟུང་ཕྱག་རྫས་གང་ཡོད་གོང་བའི་གྲྭ་ཚང་དང༌། མོའི་གྲྭ་ཚང༌། ཅོག་རོང༌། ཧོར་རྒྱའི་གྲྭ་ཚང༌། མི་ཉག་གྲྭ་ཚང་སོགས་གསར་བཞེངས་ཀྱི་དགོས་མཁོར་གཏོང་གནང་གིས་འདུ་ཁང་ཁག་ཉི་ཤུ་བཞེངས། དགུང་ལོ་དྲུག་ཅུ་རེ་གཉིས་བཞེས་པ་ན་གོང་བའི་གྲྭ་ཚང་ཐོས་བསམ་གླིང་དུ་རྗེ་བཙུན་བློ་བཟང་བསྟན་པ་རྒྱ་མཚོ་དང༌། མངའ་བདག་ལྷ་རི་བློ་བཟང་འབྱུང་གནས་ཀྱི་སྤྲུལ་སྐུ་རིན་པོ་ཆེ་བློ་བཟང་བཀྲ་ཤིས་སོགས་བླ་སྤྲུལ་ཁ་ཤས་ལ་མདོ་སྔགས་ཡོངས་རྫོགས་ཀྱི་དགེ་བའི་བཤེས་གཉེན་ཤིན་ཏུ་མང་པོར་མདོ་སྡེ་ཀུན་གྱི་གསུང་བཤད་གནང༌། བཀའ་རྩོམ་ཡང<<རྙེ་དཔོན་སློབ་རིན་པོ་ཆེ་བློ་བཟང་བསྟན་པའི་རྒྱལ་མཚན་གྱི་རྣམ་ཐར>>དང༌། <<སྲད་བརྒྱུད་ལུགས་ཀྱི་བླ་མའི་རྣལ་འབྱོར་གྱི་དམིགས་ཁྲིད་སྐྱོང་ཚུལ་མདོར་བསྡུས>><<བློ་སྦྱོང་དོན་བདུན་མའི་ཁྲིད་ཡིག་མདོར་བསྡུས་དོན་བཟང་བདུད་རྩིའི་སྙིང་པོ>><<བསླབ་བྱ་སྣ་ཚོགས་སྐོར་གདུང་སེལ་བདུད་རྩིའི་ཐིགས་ཕྲེང>><<འཇིགས་མཛད་དུས་གྲྭའི་དབང་པོའི་བསྙེན་སྒྲུབ་ལས་བརྩམས་པའི་ཞལ་གདམས་ཀྱི་རིམ་པ་གསང་བའི་སྙིང་ནོར>>སོགས་པོད་འབྲིང་གཅིག་ཙམ་མཛད། མཐར་དགུང་ལོ་བདུན་ཅུ་དོན་ལྔ་ལ་ཕེབས་པ་རབ་བྱུང་བཅོ་ལྔ་པའི་ཤིང་སྤྲེལ(༡༨༨༤)ལོར་ཞི་བར་གཤེགས།

language:
Tibetan

2. Thupten Phuntsok Dictionary

རྗེ་འདི་ནི་མདོ་སྨད་ཆེ་ཇིའི་ཀླུ་མཁར་དུ་ཡབ་རྡོ་རྗེ་རབ་བརྟན་དང་ཡུམ་དཔལ་འཛོམས་གཉིས་ཀྱི་སྲས་སུ་རབ་བྱུང་བཅུ་བཞི་པ་ལྕགས་རྟ (༡༨༡༠) ལོར་འཁྲུངས། དགུང་ལོ་བདུན་ལ་འདུལ་འཛིན་པ་དགེ་འདུན་ཡར་འཕེལ་གྱི་དྲུང་ནས་དགེ་བསྙེན་དང་། བར་མ་རབ་བྱུང་། དགེ་ཚུལ་གྱི་སྡོམ་པ་རྣམས་དཀྱུས་གཅིག་ལ་ཡང་དག་པར་མནོས་ཏེ་མཚན་དགེ་འདུན་ཆོས་སྐྱོང་ཞེས་གསོལ། དགུང་ལོ་ཉེར་བཞིར་རྗེ་ཉིད་ཀྱི་གདན་ས་བདེ་ཆེན་ཆོས་གླིང་གི་ཆོས་ཁྲིར་མངའ་གསོལ། གཞུང་བརྒྱ་སྨྲ་བའི་དབང་པོ་ལྷ་རམས་པ་བྱམས་པ་དང་རྗེ་ངག་དབང་བསྟན་འཛིན་གཉིས་ཀྱི་དྲུང་ནས་མདོ་སྔགས་མང་པོ་གསན། མཐར་དགུང་ལོ་བདུན་ཅུ་དོན་ལྔ་ལ་ཕེབས་པ་རབ་བྱུང་བཅོ་ལྔ་པའི་ཤིང་སྤྲེལ (༡༨༨༤) ལོར་ཞི་བར་གཤེགས།

language:
Tibetan