- mkhas grub dar rgyal ba
- ID:
- T225919
- མཁས་གྲུབ་དར་རྒྱལ་བ (Tibetan, Tibetan script, Original)
- > mkhas grub dar rgyal ba (Tibetan, Latin script, Transliteration-THL Extended Wylie Transliteration)
- > khedrup dargyalwa (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. dung dkar bod rig pa'i tshig mdzod chen mo
རྗེ་འདི་ནི་བྱང་ཐང་ལྷའི་ཉེ་ལོགས་སུ་ཡབ་བསོད་ནམས་མགོན་དང་ཡུམ་བཀྲ་ཤིས་གཉིས་ཀྱི་སྲས་སུ་འཁྲུངས། སྐུ་ཆུང་ངུ་ནས་དད་པ་དང་སྙིང་རྗེ་ཆེ་བ། སྐུ་གསུང་ཐུགས་ཀྱི་རྟེན་ལ་དགའ་བ། དགེ་འདུན་ལ་གུས་པ་ཆེ་བ་འིག་ཡོད། དགུང་ལོ་དྲུག་བདུན་ལ་ཡིག་ཀློག་ལ་མཁས་པར་གྱུར། དེ་ནས་ཀརྨ་རང་བྱུང་རྡོ་རྗེ་དང་མཇལ་བས་དད་པ་དྲག་པོ་སྐྱེས་ཏེ་ཕྱག་ཕྱིར་བདེ་ཆེན་སྟེང་དུ་བྱོན། ཀརྨ་རང་བྱུང་རྡོ་རྗེས་མཁན་པོ་དང་མཁན་ཆེན་གཞོན་ནུ་བྱང་ཆུབ་པས་སློབ་དཔོན་མཛད་དེ་དགུང་ལོ་བཅུ་དགུ་པ་ལ་རབ་ཏུ་བྱུང་ཞིང་བསྙེན་པར་རྫོགས། སྙེ་མདོ་བ་ཀུན་དགའ་དོན་གྲུབ་དང༌། བླ་མ་ཚུལ་རིན། ཆོས་རྗེ་གྲགས་པ་སེང་གེབསོད་ནམས་སེང་གེ་ལ་སོགས་མཁས་གྲུབ་ཀྱི་བླ་མ་མང་དུ་བསྟེན་ནས་མདོ་རྒྱུད་བསྟན་བཅོས་དུ་མའི་གསན་པ་རྒྱ་ཆེར་མཛད། ཁྱད་པར་མན་ངག་ལ་གཙོ་བོར་གནང་སྟེ་སྒྲུབ་པ་ལ་ཐུགས་གཞོལ་བར་མཛད་ནས་རི་ཁྲོད་དབེན་པ་རྣམས་སུ་སྒོམ་སྒྲུབ་རྩེ་གཅིག་ཏུ་མཛད་པས་ཐམས་ཅད་གུས་པར་གྱུར། རྗེ་ཉིད་ཀྱིས་དབུ་སྔས་ལ་མི་འཇོག་ཅིང༌། རྒྱབ་རྟེན་ལ་མི་བརྟེན་པ། ཆུ་དང་རྡོའི་དཀའ་ཐུབ། རླུང་སྦྱོར་ཟབ་མོས་དུས་འདའ་བ་རྣམས་ཀྱིས་བསྐྲུབས་པས་༡མས་མྱོང་མང་དུ་སྐྱེས། དེ་ནས་ཐང་ལྷའི་རི་ཁྲོད་སོགས་སུའང་ཡུན་རིང་བཞུགས། ཕུག་མོའི་རི་ཁྲོད་དུ་ཆོས་རྗེ་གྲགས་པ་སེང་གེའི་ཞབས་ལ་གཏུགས་ནས་ཕྱག་ཕྱིར་འབྲངས། དེ་ནས་གྲུབ་ཐོབ་ཆུ་སྒོམ་གྱི་ཕྱག་ཕྱིར་འབྲངས་ཏེ་བསྙེན་སྒྲུབ་དང༌། སྙིང་ཐིག མཁའ་སྤྱོད་བསྙེན་སྒྲུབ་ལ་སོགས་པའི་གདམས་པ་བསམ་གྱིས་མི་ཁྱབ་པ་གསན། གཉན་ཁྲོད་ཀྱང་མང་དུ་འགྲིམས་ནས་ཆོ་འཕྲུལ་དུ་མ་སྣང་བ་རྣམས་ཀྱང་རྟོགས་པས་ཟིལ་གྱིས་མནན། ཆོས་རྗེ་གྲགས་སེང་བ་ལ་སློབ་མ་མང་ཡང་རི་ཁྲོད་པ་འདི་ཉིད་རྒྱུད་ཀྱི་སྲས་དམ་པར་གཟིགས་ནས་མན་ངག་ཐམས་ཅད་རྫོགས་པར་གནང༌། གནས་ནང་གི་ཀདན་སར་བསྐོས། ནཱ་རོའི་ཆོས་དྲུག་དང་སྦྱོར་དྲུག་ལ་སོགས་པས་གདུལ་བྱ་ཡང་དག་པར་བསྐྱངས་ཏེ་སྨིན་གྲོལ་ལ་བཀོད། བྱམས་དང་སྙིང་རྗེ་སྟོབས་རྒྱས་པས་སྡུག་ཕོངས་དང༌། ནད་པ། སྐྱེ་བོ་ལོག་པར་སྤྱོད་པ་རྣམས་ལ་ལྷག་པར་ཕན་འདོགས་པར་མཛད། རྗེ་ཉིད་ཀྱིས་སྐུ་ན་གཞོན་དུས་ནས་བརྩོན་འགྲུས་དྲག་པོས་ལུས་སྲོག་ཆོས་སུ་བཏང་བས་ཚེ་སྟོད་ལ་དཀའ་ཐུབ་དང་སྒྲུབ་པ་དང་དུ་བཞེས། ༡མས་རྟོགས་ཡོན་ཏན་གྱི་ཆ་ཡང་ཅི་རིགས་སྐྱེས། སེམས་ཅན་ལ་ཕན་པ་རྒྱ་ཆེར་མཛད། མཐར་གླང་ལོ་ཟླ་གསུམ་པར་སྐུ་གཤེགས། (རྗེ་འདི་ཉིད་ཀྱི་འཁྲུངས་འདས་ལོ་ཚིགས་གསལ་པོ་མེད་མོད། རྟོགས་ལྡན་གྲགས་པ་སེང་གེའི་སློབ་མར་གྱུར་པས་སྤྱི་ལོ༡༣༠༠ནང་བྱུང་བར་མངོན)
- language:
- Tibetan
2. Thupten Phuntsok Dictionary
རྗེ་འདི་ནི་བྱང་ཐང་ལྷའི་ཉེ་ལོགས་སུ་ཡབ་བསོད་ནམས་མགོན་དང་ཡུམ་བཀྲ་ཤིས་གཉིས་ཀྱི་སྲས་སུ་འཁྲུངས། ཉམས་རྟོགས་ཡོན་ཏན་གྱི་ཆ་ཡང་ཅི་རིགས་སྐྱེས། སེམས་ཅན་ལ་ཕན་པ་རྒྱ་ཆེར་མཛད། མཐར་གླང་ལོ་ཟླ་གསུམ་པར་སྐུ་གཤེགས།
- language:
- Tibetan