Skip to main content Skip to search
mkhas grub dpal ldan don grub
ID:
T225920
  • མཁས་གྲུབ་དཔལ་ལྡན་དོན་གྲུབ (Tibetan, Tibetan script, Original)
    • > mkhas grub dpal ldan don grub (Tibetan, Latin script, Transliteration-THL Extended Wylie Transliteration)
    • > khedrub palden döndrub (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. Thupten Phuntsok Dictionary

གཙང་ངོར་དགོན་ཨེ་ཝཾ་ཆོས་ལྡན་གྱི་གདན་རབས་བཅུ་དྲུག་པ་ཡིན། རབ་བྱུང་དགུ་པའི་ཆུ་ཕག་སྤྱི་ལོ་༡༥༦༣ལོར་འཁྲུངས། དགེ་བའི་བཤེས་གཉེན་བཅུ་ཕྲག་བརྒལ་བ་ལས་ཆོས་གསན། དགུང་ལོ་ཉེར་དགུ་པ་ལྕགས་ཡོས་སྤྱི་ལོ་༡༥༩༡ལོར་ཐར་རྩེ་པཎ་ཆེན་ལས་བསྙེན་པར་རྫོགས། དགུང་ལོ་ང་དྲུག་པ་རབ་བྱུང་བཅུ་པའི་ས་རྟ་སྤྱི་ལོ་༡༦༡༨ལོར་གདན་སའི་ཁུར་བཞེས་ནས་ཆོས་འཁོར་རྒྱ་ཆེར་བསྐོར། ལོ་བཅུ་བཞིར་སྒྲུབ་པ་ཁོ་ན་མཛད། གདན་ས་ལོ་གསུམ་མཛད། དགུང་ལོ་དོན་བཞི་པ་རབ་བྱུང་བཅུ་གཅིག་པའི་མེ་བྱི་ལོ་སྤྱི་ལོ་༡༦༣༦ཟླ་བ་བཅུ་པའི་ཚེས་བཞི་ལ་ཞི་བར་གཤེགས་པ་ཡིན་ནོ། །

language:
Tibetan