Skip to main content Skip to search
mkhas grub dpal ldan rdo rje
ID:
T225921
  • མཁས་གྲུབ་དཔལ་ལྡན་རྡོ་རྗེ (Tibetan, Tibetan script, Original)
    • > mkhas grub dpal ldan rdo rje (Tibetan, Latin script, Transliteration-THL Extended Wylie Transliteration)
    • > khedrub palden dorjé (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. Thupten Phuntsok Dictionary

གཙང་ངོར་དགོན་ཨེ་ཝཾ་ཆོས་ལྡན་གྱི་གདན་རབས་ལྔ་པ་ཡིན། རབ་བྱུང་བདུན་པའི་ལྕགས་ཡོས་སྤྱི་ལོ༡༤༡༡ལོར་ས་སྐྱར་འཁྲུངས། དགུང་ལོ་བཅུ་དགུ་པ་ས་བྱ་ལོར་རྡོ་རྗེ་འཆང་གི་ཕྱག་ཕྱིར་ངོར་དུ་ཕེབས། ཉིན་རེར་ཆགས་མེད་ཀྱི་རིམ་པ་སུམ་ཅུ་རྩ་གཉིས་མཛད། ངོར་ཆེན་ལས་བསྙེན་པར་རྫོགས། བར་སྐབས་སུ་ཤཱཀྱ་བཟང་བླ་བྲང་གི་གདན་ས་མཛད། དགུང་ལོ་ང་བདུན་པ་རབ་བྱུང་བརྒྱད་པའི་མེ་ཕག་སྤྱི་ལོ་༡༤༦༧ལོར་ཨེ་ཝཾ་ཆོས་ལྡན་གྱི་གདན་ས་མཛད། སྔ་ཕྱིར་ལམ་འབྲས་ཡོངས་རྫོགས་ཚར་སུམ་ཅུ་སོ་གསུམ་གསུངས། རྡོ་རྗེ་འཆང་ཡབ་སྲས་གསུམ་བཞུགས་སྐབས་ཟུར་ཆོས་པ་མཛད། གདན་ས་ལོ་བཅུ་དྲུག་མཛད། རབ་བྱུང་བརྒྱད་པའི་ཆུ་རྟ་སྤྱི་ལོ་༡༤༨༢ལོའི་ས་ག་ཟླ་བའི་ཚེས་བཅུ་བདུན་དགུང་ལོ་དོན་གཉིས་པར་ཤཱཀྱ་བཟང་སྐུ་འབུམ་དུ་སྐུ་གཤེགས་སོ། །

language:
Tibetan