Skip to main content Skip to search
mkhas grub shangs ston pa
ID:
T225925
  • མཁས་གྲུབ་ཤངས་སྟོན་པ (Tibetan, Tibetan script, Original)
    • > mkhas grub shangs ston pa (Tibetan, Latin script, Transliteration-THL Extended Wylie Transliteration)
    • > khedrub shang tönpa (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. dung dkar bod rig pa'i tshig mdzod chen mo

ཤངས་པ་བཀའ་བརྒྱུད་ཀྱི་བླ་མ་མཚན་སྙན་ཆེ་བ་བདུན་གྱི་གྲས་ཡིན། རྒྱང་ཡང་སྒང་དུ་རབ་བྱུང་བའི་པའི་ཤིང་རྟ(༡༢༣༤)ལོར་ཡབ་དཀོན་མཆོག་བཟང་དང་ཡུམ་ཇོ་དགེ་གཉིས་ཀྱི་སྲས་སུ་འཁྲུངས། དགུང་ལོ་བརྒྱད་དགུ་ལ་ཕེབས་དུས་ཡི་གེ་འབྲི་ཀློག་སོགས་དཀའ་ཚེགས་མི་དགོས་པར་མཁྱེན། དགུང་ལོ་བཅུ་གསུམ་པ་མེ་རྟ(༡༢༤༦)ལོར་སློབ་དཔོན་ཉི་ཐོག་པས་མཁན་པོ་མཛད་དེ་རབ་ཏུ་བྱུང་ནས་མཚན་ཚུལ་ཁྲིམས་མགོན་པོ་ཞེས་གསོལ། སློབ་དཔོན་དེ་ཉིད་དང་སློབ་དཔོན་ཤཱཀྱ་འབུམ་གཉིས་ལས་སྤྱོད་འཇུག་དང་ཕར་ཕྱིན་གསན་ནས་དགུང་ལོ་བཅོ་བརྒྱད་པ་ལ་བཤད་པ་མཛད་ཐུབ་པ་བྱུང༌། གཞན་ཡང<<བྱམས་ཆོས>>དང༌། <<ས་སྡེ་ལྔ>><<ཚད་མ་སྡེ་བདུན>><<དབུ་མ>>སོགས་གསན་ནས་མཁས་པའི་ཕུལ་དུ་ཕྱིན། ཆོས་རྗེ་སངས་རྒྱས་སྟོན་པའི་དྲུང་ནས་ཤངས་པའི་ཆོས་སྐོར་དང༌། གཞུ་བྲག་དམར་བའི་བླ་མ་དཀོན་སྐྱབས་ལས་གསང་སྔགས་སྔ་འགྱུར་གྱི་སྙིང་ཐིག་སྐོར་བཅས་གསན། དེ་ནས་ཙཱ་རིར་ཕེབས་ཏེ་སྐྲུབ་པ་རྩེ་གཅིག་ཏུ་མཛད་པས་གྲུབ་པའི་གོ་འཕང་བརྙེས། དད་འདུས་སློབ་མ་རྣམས་ལ་ཆོས་འཆད་སྤེལ་ཡང་ཡང་མཛད་པས་འཇག་པ་རྒྱལ་མཚན་འབུམ་ལ་སོགས་པའི་སློབ་མ་མང་པོ་བྱུང༌། དགུང་ལོ་བདུན་ཅུ་དོན་དྲུག་པ་རབ་བྱུང་ལྔ་པའི་ས་བྱ(༡༣༠༩)ལོར་སྐུ་གཤེགས། རྣམ་ཐར་ལོ་རྒྱུས་སྐོར<<ཤངས་པ་བཀའ་བརྒྱུད་གསེར་ཕྲེང>>དབུ་མེད་བྲིས་མ་ལེ་ཚན[ཆ]པར་ཤོག་གྲངས༡༢ཡོད།

language:
Tibetan

2. Thupten Phuntsok Dictionary

ཤངས་པ་བཀའ་བརྒྱུད་ཀྱི་བླ་མ་མཚན་སྙན་ཆེ་བ་བདུན་གྱི་གྲས་ཡིན། རྒྱང་ཡང་སྒང་དུ་རབ་བྱུང་བཞི་པའི་ཤིང་རྟ (༡༢༣༤) ལོར་ཡབ་དཀོན་མཆོག་བཟང་དང་ཡུམ་ཇོ་དགེ་གཉིས་ཀྱི་སྲས་སུ་འཁྲུངས། དགུང་ལོ་བདུན་ཅུ་དོན་དྲུག་པ་རབ་བྱུང་ལྔ་པའི་ས་བྱ (༡༣༠༩) ལོར་སྐུ་གཤེགས།

language:
Tibetan